བར་མ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:15ལ་འགྲུབ།

བར་མ་སྡེ་བ།

བར་མ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ5མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哇麻村
ལ་ཏིང་གི་མིང་།
bar ma sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2600ཡོད།
གནའ་ཤུལ།
དགོན་ལུང་སྒར་བ་བཅུ་གསུམ་གྱི་ཡ་གྱལ་པྲ་སྟི་སྒར་བ།
རྟེན་བྱིན་རླབས་ཅན།
པྲ་སྟི་གསུང་འབྱོན་སྒྲོལ་མ།
1 ངོ་སྤྲོད། 

སྡེ་བ་འདི་ནི་འདན་མ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ5མཚམས་སུ་ཆགས་ཡོད། མཚོ་འཕགས་སྨི2600ཡོད་ཅིང་། དུད་ཁྱིམ400དང་མི་གྲངས1640ལྷག་ཡོད། དེ་ལས་མང་ཆེ་ཤོས་བོད་རིགས་ཡིན་ལ། ཧོར་རིགས་ཀྱང་སྐོར་ཞིག་ཡོད། སྡེ་བ་འདི་ནི་དཔའ་རིས་ཡུལ་གྱི་ཚོ་བ་ཆེན་པོ་པྲ་སྟི་ཚོ་བར་གཏོགས། ཧུའུ་ཀྲུའུ་རྫོང་གི་འདན་མ་གྲོང་རྡལ་གྱི་པྲ་སྟི་ཚོ་བ་ལ་པྲ་སྟི་གོང་མ་དང་བར་མ། ཞོལ་མ་གསུམ་གྱིས་གྲུབ་ཡོད་ཅིང་། ཕྱིས་སྡེ་བའི་མིང་ལ་པྲ་སྟི་གོང་ཞོལ་བར་གསུམ་ལས། བར་མ་ཞེས་པ་དེ་ཐོགས། སྔར་པྲ་སྟི་སྡེ་བའི་དུད་ཁྱིམ་ཆེ་ཤོས་ཤིག་གིས་སྒོ་ལ་དར་ལྕོག་དཀར་པོ་མཐོར་བསྒྲེངས་ཡོད་པས། མཐའ་འཁོར་གྱི་རྒྱ་རིགས་ཚོས་དར་དཀར་པོ་ཚང་ཞེས་ཐོགས། དར་དཀར་པོ་ལས་ཁོ་ཚོའི་རུས་ཀྱང་དཀར་པོ་སྟེ། པེ་ཀྱཱ་ཚང་ཞེས་བྱུང་། སྡེ་བ་འདི་ནི་འདན་མ་ས་ཆར་གྲགས་སྐད་ཆེ་བའི་ཡུལ་སྡེ་ཞིག་ཡིན། འདི་ནི་སྔར་གྱི་དགོན་ལུང་སྒར་བ་བཅུ་གསུམ་གྱི་ཡ་གྱལ་པྲ་སྟི་སྒར་བའི་གནའ་ཤུལ་ཡོད་པར་མ་ཟད། རྟེན་བྱིན་རླབས་ཅན་པྲ་སྟི་གསུང་འབྱོན་སྒྲོལ་མའང་འདིར་བཞུགས། ལོ་གསར་དང་དུས་ཆེན་ལ། སྡེ་མི་རྣམས་སྲིད་པའི་ལྷ་རྒན་ཨ་མྱེས་ཁྲ་ལེབ་དང་ཨ་མྱེས་རྡོ་རྫོང་ལབ་ཙེ་ལ་བསང་གཏོང་བ་དང་དར་ལྕོག་འདོགས་པ། གཏེར་སྦ་བ་སོགས་ཀྱི་ལུགས་སྲོལ་ཡོད། ལྷག་པར་དུ་སྡེ་བ་འདི་སྲོལ་རྒྱུན་གྱི་རང་བྱུང་སྡེ་བ་ཆགས་སྟངས་བཞིན་གྲུབ་ཡོད་ལ། ཁང་རྙིང་དང་གཞི་རྙིང་སོགས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱས་པ་ལེགས་པས་ན། ད་ལོ་ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་སྡེ་རྙིང་སྲུང་སྐྱོབ་སྡེ་ཁག་ཏུ་བདམས་ཡོད།