ནུབ་རི་ངོ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog ནས 2023-05-15 11:12ལ་འགྲུབ།
སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་ལས་བྱང་ཕྱོགས་ཀྱི་སྤྱི་ལེ4མཚམས་ཀྱི་ནུབ་རི་ངོས་སུ་ཆགས་ཡོད། མཚོ་འཕགས་སྨི2679ཡོད་ཅིང་། དུད་ཁྱིམ271དང་མི་གྲངས1021ལྷག་ཡོད། དེ་ལས་ཕྱེད་ཧོར་རིགས་དང་ཕྱེད་རྒྱ་རིགས་ཡིན། ནུབ་རི་ངོས་སྡེ་བའི་ས་སྐྱེགས་ལ་ཁ་ཡུལ་ཚོ་དང་འབྲེལ་བའི་མཚམས་སུ། རི་བོ་རྟ་སྒའི་དབྱིབས་འདྲ་བ་ཞིག་དང་རྟ་རྭའི་དབྱིབས་ཀྱི་རི་ཁུག་ཅིག་ཡོད་པ་དེ། གླིང་རྗེ་གེ་སར་རྒྱལ་པོའི་རྟ་སྒ་དང་རྟ་རྭ་ཡིན་པར་བཤད། སྡེ་བའི་རྒྱབ་རི་ལ་སྔར་ལབ་ཙེ་ཞིག་ཡོད་པས་ལབ་ཙེ་རི་ཞེས་འབོད་ཀྱང་ད་ལྟ་ཤུལ་ཙམ་ཡང་མི་སྣང་།