ནགས་རྒྱ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog ནས 2023-05-09 15:14ལ་འགྲུབ།
སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ3ཙམ་གྱི་མཚམས་ན་གནས་ཤིང་། མཚོ་འཕགས་སྨི2410ཡོད། དུད་ཁྱིམ327དང་མི་གྲངས131ལྷག་ཡོད། སྡེ་བ་འདི་གོང་འོག་ཐམས་ཅད་གསོམ་སྡོང་གིས་གཡོགས་པའི་ནགས་རྒྱ་རི་བོའི་ཉེ་འདབས་སུ་གནས་པས་ན་ནགས་རྒྱ་སྡེ་བ་ཞེས་ཐོགས། ངག་རྒྱུན་ལྟར་ན། སྔར་འདིར་ནགས་རྒྱ་དགོན་པ་ཞེས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་གནས་ཤིང་། ཕྱིས་ནགས་རྒྱ་རི་བོའི་ནགས་ཚལ་མེ་ལ་ཤོར་བས། དགོན་པའང་མེ་ཡིས་འཇིག་པར་བཤད། ནགས་རྒྱ་སྡེ་བ་ནི་ཐང་གཞུང་ཞིག་ཏུ་ཆགས་ཡོད་ལ། སྔར་ཐང་འདིར་ཆུ་མིག་བརྒྱ་དང་བརྒྱད་ཡོད་སྐད་ཀྱང་། ད་ལྟ་ཆུ་མིག་བརྒྱད་ཙམ་ལས་མེད།