ཅོག་ཚ་ཐང་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:04ལ་འགྲུབ།

ཅོག་ཚ་ཐང་སྡེ་བ།

ཅོག་ཚ་ཐང་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ3མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卓扎滩村
ལ་ཏིང་གི་མིང་།
cog tsha thang sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2634ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ3མཚམས་སུ་ཆགས་ཡོད། མཚོ་འཕགས་སྨི2634ཡོད་ཅིང་། དུད་ཁྱིམ454དང་མི་གྲངས1706ལྷག་ཡོད། དེ་ལས་ཧོར་རིགས་དུད་ཁྱིམ98དང་། བོད་རིགས་དུད་ཁྱིམ27ལས་གཞན་རྣམས་རྒྱ་རིགས་ཡིན། སྔར་འདི་དགོན་ལུང་དགོན་པའི་སྒར་བ་བཅུ་གསུམ་གྱི་ཡ་གྱལ་ཅོག་ཚ་སྒར་གནས་ཤིང་། སྒར་གྱི་མདུན་ལྗོངས་ཐང་གཞུང་ཡངས་ཤིང་རྒྱ་ཆེ་བ་དེ་ལ་ཅོག་ཚ་ཐང་དུ་འབོད། ཕྱིས་ཅོག་ཚ་སྒར་གྱི་མངའ་སྡེ་རིམ་གྱིས་འཕེལ་ཏེ་ཐང་གཞུང་འདིར་གྲོང་སྡེ་ཆགས་པ་ལ་ཅོག་ཚ་ཐང་སྡེ་བར་ཐོགས། དེར་སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་པེ་ཧར་རྒྱལ་པོའི་ལྷ་ཁང་ཡོད།