ཅོག་ཚ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog ནས 2023-05-15 11:12ལ་འགྲུབ།
སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ6མཚམས་སུ་རྒྱབ་རི་གཡུ་འབྲུག་ཁ་ཐུར་དུ་ལྟ་པའི་འདབས་སུ་ཆགས་ཡོད་པ་དང་། མཚོ་འཕགས་སྨི2615ཡོད། དུད་ཁྱིམ446དང་མི་གྲངས1786ལྷག་ཡོད། དེ་ལས་བོད་རིགས150ལྷག་ཡོད་པའི་བོད་རིགས་གཙོ་ཆེ་བའི་བོད་སྡེ་ཤ་སྟག་ཅིག་ཡིན། གཞན་ཧོར་དང་རྒྱ་ཡང་སྐོར་ཞིག་ཡོད། ཅོག་ཚ་སྡེ་བ་ནི་སྔར་དགོན་ལུང་སྒར་བ་བཅུ་གསུམ་གྱི་ཡ་གྱལ་ཏེ། ཅོག་ཚ་སྒར་གཞི་ཆགས་སའི་གནས་ཡིན་པས་སྒར་མིང་སྡེ་མིང་དུ་ཐོགས། ཅོག་ཚ་སྒར་དེ་ད་ལྟ་ཅོག་ཚ་དགོན་དུ་གྱུར་ཡོད་པར་མ་ཟད། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བདམས་ཡོད།