བྲག་དཀར་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:08ལ་འགྲུབ།

བྲག་དཀར་སྡེ་བ།

བྲག་དཀར་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེའི་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白崖村
ལ་ཏིང་གི་མིང་།
brag dkar sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2270ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་བེ་ཙེའི་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་གནས། མཚོ་འཕགས་སྨི2270ཡོད། དུད་ཁྱིམ365དང་མི་གྲངས1460ཡོད། དེ་ལས་ཧོར་རིགས་དུད་ཁྱིམ300དང་མི་གྲངས1280ཡོད། བོད་རིགས་སྐོར་ཞིག་ཡོད། སྡེ་བ་གཞིས་ཆགས་པའི་གནས་ནི་བྲག་དཀར་པོ་ཡིན་པས་བྲག་དཀར་སྡེ་བར་ཐོགས། བྲག་དཀར་རི་བོའི་མདོར་ཆགས་ཡོད་པས་བོད་སྐད་དུ་མདོ་ལུང་དུའང་གྲགས། ཧོར་སྐད་ཀྱིས་ཀྱང་བོད་སྐད་བཞིན་མདོ་ལུང་དུ་འབོད། སྡེ་བའི་བྱང་ཤར་ཕྱོགས་ཀྱི་རི་སྒང་དུ་ལབ་ཙེ་ཞིག་བརྩིགས་ཡོད། ལོ་རེ་རེའི་ལུགས་རྙིང་གི་ཟླ1པོའི་ཚེས་གཅིག་དང15ཉིན་ལ། སྡེ་མི་རྣམས་ཀྱིས་ལབ་ཙེ་བསྟོད་སྲོལ་ཆགས་ཡོད། ཧོར་དང་བོད་རིགས་ནང་བའི་བསྟན་པའི་རྗེས་འཇུག་པ་ཡིན་པས། བྲག་དཀར་སྡེ་བའི་སྡེ་ཨུ་ལྷན་ཁང་གི་འགྲམ་དུ་དམ་ཅན་གྱི་ལྷ་ཁང་ཞིག་བཞེངས་ཡོད། བཤད་སྲོལ་ལྟར་ན། དེའི་རྟེན་གཙོ་བོ་དམ་ཅན་ནི་དབུས་གཙང་ནས་གདན་དྲངས་པར་བཤད། དགོན་ལུང་གི་གོམས་སྲོལ་ནང་བཞིན་དམ་ཅན་ལ། སྐུ་གཟུགས་མེད་པར་ལྕགས་མདའ་འམ་ལྕགས་མདུང་གིས་མཚོན་པར་བྱས་ཡོད།