བྲག་དམར་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:09ལ་འགྲུབ།

བྲག་དམར་སྡེ་བ།

བྲག་དམར་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ་ནུབ་ཕྱོགས་ཀྱི་སྤྱི་ལེ3མཚམས་སུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红崖村
ལ་ཏིང་གི་མིང་།
brag dmar sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2680ཡོད།
ཧོར་སྐད་ཀྱིས་སྡེ་མིང་།
ཧེ་ཀྱ།
1 ངོ་སྤྲོད། 

སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་ནུབ་ཕྱོགས་ཀྱི་སྤྱི་ལེ3མཚམས་སུ་གནས། མཚོ་འཕགས་སྨི2680ཡོད། དུད་ཁྱིམ471དང་མི་གྲངས1873ཡོད། དེ་ལས་ཧོར་རིགས་ཀྱི་དུད་ཁྱིམ290དང་མི་གྲངས1020ཡོད། སྡེ་བ་གཞིས་ཆགས་པའི་གནས་ནི་བྲག་དམར་པོ་ཡིན་པས་བྲག་དམར་སྡེ་བར་ཐོགས། ཧོར་སྐད་ཀྱིས་སྡེ་མིང་ལ་ཧེ་ཀྱ་ཞེས་འབོད། བྲག་དམར་སྡེ་བའི་ནུབ་ཕྱོགས་ཀྱི་སྤྱི་ལེ་གཉིས་མཚམས་ཀྱི་རི་མགོར་མཐོ་ཚད་ལ་སྨི་གསུམ་ཡོད་པའི་ས་ཐོ་ཞིག་མཆིས། ངག་རྒྱུན་ལྟར་ན། འདི་ནི་ཆིང་རྒྱལ་རབས་ཀྱི་ཧོས་འཁྲུག་དུས་བརྩིགས་པར་བཤད། ཉིན་རྒྱུན་སྡེ་བས་རེས་སྐོར་ནས་སོ་སྲུང་གི་མི་མངགས་ཏེ། ས་ཐོ་དེར་ལངས་ནས་ཧོས་དམག་ལ་སོ་བལྟ་བྱེད། ཉེན་ཁ་མཐོང་ཚེ་དར་ཆ་གཡུག་སྟེ་སྡེ་མི་ཀུན་ལ་བརྡ་གཏོང་། བྲག་དམར་སྡེ་བར་ད་དུང་ནམ་བཞེངས་དང་ནམ་འཇིག་མི་གསལ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་ཤུལ་ཞིག་ཀྱང་ཡོད།