གྲོང་ཆུང་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:10ལ་འགྲུབ།

གྲོང་ཆུང་སྡེ་བ།

གྲོང་ཆུང་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ1མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小庄村
ལ་ཏིང་གི་མིང་།
grong chung sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་བེ་ཙེ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི260ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་བེ་ཙེ་གྲོང་རྡལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ1མཚམས་སུ་ཆགས་ཡོད། མཚོ་འཕགས་སྨི260ཡོད་ཅིང་། དུད་ཁྱིམ160དང་མི་གྲངས606ལྷག་ཡོད། དེ་ལས་ཧོར་རིགས500ཙམ་ཡོད་ཅིང་། ལྷག་མ་རྣམས་བོད་དང་རྒྱ་ཡིན། གྲོང་ཆུང་སྡེ་བར་ཧོར་རིགས་ཀྱི་གྲངས་མང་པས་ཁང་ཁྱིམ་དང་དམངས་སྲོལ། སྐད་རིགས་སོགས་ལ་ཧོར་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཧོར་རིགས་སྡེ་བ་ཞིག་ཡིན་པས། ད་ལྟ་ཧུའུ་ཀྲུའུ་རྫོང་གི་ཡུལ་སྐོར་ལྗོངས་རྒྱུའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད། རྒན་གྲས་ཚོས་བཤད་ན། སྔོན་ཆད་སྡེ་བ་འདིར་རུས་ཆཱི་ཅན་མང་པས་འདི་ལ་ཆཱི་ཀྱ་རུ་ཤུལ་ཞེས་འབོད་ཅིང་། ད་སྐབས་ཀྱང་ཆི་ཀྱཱ་ཚང་ནི་དུད་ཁ་མང་ཤོས་ཡིན། དགོན་ལུང་དགོན་པའི་དབུས་ཤུལ་བླ་མ་སྐུ་ཕྲེང་འདི་ཆི་ཀྱཱ་ཚང་ནས་སྐུ་འཁྲུངས་ཡོད། ཆི་ཀྱཱ་རུ་ཤུལ་རྒྱ་སྐད་དུ་གྲོང་ཆུང་ཞེས་འབོད་པ་དེ་ཕྱིས་སྡེ་མིང་དུ་ཐོགས་པར་བཤད། སྡེ་བའི་ལྟག་རྒྱབ་ཀྱི་རི་བོ་དེ་ནི་བླ་མ་ཞིག་དཀྱིལ་ཀྲུང་དུ་བཞུགས་པའི་དབྱིབས་སུ་བཤད། སྔར་རི་དེའི་ཕྲག་པ་གཡས་ཕྱོགས་སུ་ཆུ་མིག་ཅིག་ཡོད་ཀྱང་། དེ་རྟག་ཏུ་བཞུར་ན་བླ་མ་ཞིག་དཀྱིལ་ཀྲུང་དུ་བཞུགས་པའི་དབྱིབས་ཀྱི་ཕྲག་པ་ཡ་གཅིག་ཆད་པར་དོགས་ནས། བླ་མ་ཞིག་གདན་དྲངས་ཏེ་ཆོ་ག་སྣ་ཚོགས་སྤེལ་བར་བཤད། ད་ལྟ་ཆུ་མགོ་དེ་ཕལ་ཆེར་བསྐམས། ད་ལྟའང་ཕྲག་པ་ཡ་གཅིག་གི་སྣེ་ཅུང་ཙམ་ཆད་པའི་དབྱིབས་དེ་གསལ་བོར་མཐོང་ཐུབ། རི་མགོར་ལབ་ཙེ་ཞིག་ཡོད་ཀྱང་བསྟོད་སྲོལ་ཆེར་མེད།