གནའ་མཁར་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog ནས 2023-05-09 15:11ལ་འགྲུབ།
གནའ་མཁར་སྡེ་བ་ནི་བེ་ཙེ་གྲོང་རྡལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་ཆགས་ཡོད། མཚོ་འཕགས་སྨི2600ཡོད་ཅིང་། དུད་ཁྱིམ466དང་མི་གྲངས1900ལྷག་ཡོད། སྡེ་བ་འདིར་དུས་ནམ་ཞིག་ལ་བཞེངས་མིན་མི་ཤེས་པའི་མཁར་རྙིང་ཆེན་པོ་ཞིག་ཡོད་པས། གནའ་མཁར་སྡེ་བའི་མིང་དུ་ཐོགས། རྒན་གྲས་ཚོས་བཤད་པ་ལྟར་ན། གནའ་མཁར་སྡེ་བའི་ཐོག་མའི་གཞིས་སྡོད་པ་ནི་ཀྱི་ཚང་ཡིན། པེར་ཉི་མ་འཛིན་གྱིས་ཕྱག་བཏབ་པའི་དགོན་ལུང་སྒར་བ་བཅུ་གསུམ་གྱི་ཡ་གྱལ་ཏེ། ཀྱི་ཚང་སྒར་དགའ་ལྡན་ཆོས་འཕེལ་གླིང་ནི་གནའ་མཁར་སྡེ་བར་ཆགས་ཡོད། སྡེ་བ་འདི་ནི་སྔོན་མ་དགོན་ལུང་དགོན་པའི་ལྷ་སྡེར་གཏོགས།