ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:12ལ་འགྲུབ།

ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བ།

​ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ས་སྐྱེགས་ལ་ཁ་ཡུལ་ཚོའི་གཞུང་ལམ་གྱི་ཤར་རྒྱུད་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
下台村
ལ་ཏིང་གི་མིང་།
sa skyags la kha zhol ma sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ས་སྐྱེགས་ལ་ཁ་ཡུལ་ཚོ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2700ཡོད།
རིག་དངོས།
གོང་ཀོའུ་ཞིན་ཅེ་ཡི་དུར་བྱང་ཡི་གེ
1 ངོ་སྤྲོད། 

སྡེ་བ་འདི་ནི་ས་སྐྱེགས་ལ་ཁ་ཡུལ་ཚོའི་གཞུང་ལམ་གྱི་ཤར་རྒྱུད་དུ་ཆགས་ཡོད། མཚོ་འཕགས་སྨི2700ཡོད་ཅིང་། ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བ་ལ་སྡེ་བ་གཉིས་སུ་གྱེས་ཡོད། དེ་ལས་སྡེ་བ་དང་པོ་ལ་དུད་ཁྱིམ440དང་མི་གྲངས1736ལྷག་ཡོད། སྡེ་བ་གཉིས་པ་ལ་དུད་ཁྱིམ520དང་མི་གྲངས1726ལྷག་ཡོད། རུས་ཆི་ཅན་གྱི་ཧོར་རིགས་དུད་ཁྱིམ་སྐོར་ཞིག་ལས། རྒྱ་རིགས་རྐྱང་རྐྱང་གི་གྲོང་སྡེ་ཞིག་ཡིན། ལོ་རྒྱུས་སྟེང་ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བ་ནི་ཆི་ཐུའུ་སིའི་མངའ་སྡེ་ཡིན། སྡེ་བར་ཀོན་ཏེའམ་སྤྲིན་རིང་རྒྱལ་པོའི་ལྷ་ཁང་ཞིག་ཡོད། མཚོ་སྔོན་ཧོས་འཁྲུག་གི་སྐབས་སུ་རྡུལ་དུ་བརླགས། སྤྱི་ལོ1932ལོར་བསྐྱར་བཞེངས་མཛད་ཀྱང་། རིག་གསར་སྐབས་ཡང་བསྐྱར་འཇིག སྤྱི་ལོ1932ལོར་ཡུལ་སྡེའི་དད་ལྡན་པ་རྣམས་ཀྱིས་ཞལ་འདེབས་བསྡུས་པ་བརྒྱུད་དེ། ཀོན་ཏེ་ལྷ་ཁང་ཡང་བསྐྱར་བཞེངས་ཐུབ་པ་བྱུང་། ས་སྐྱེགས་ལ་ཁ་ཞོལ་མ་སྡེ་བའི་ཤར་ཕྱོགས་སུ་རུས་ཆི་ཅན་གྱི་མེས་པོ་གོང་ཀོའུ་ཞིན་ཅེ་ཡི་དུར་བྱང་ཡི་གེ་ཡོད། སྤྱི་ལོ1988ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས།