འདུས་སྡེ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:11ལ་འགྲུབ།

འདུས་སྡེ།

འདུས་སྡེ།
འདུས་སྡེ་ཞེས་པ་ནི་མིའི་རིགས་ཕྱོགས་གཅིག་ཏུ་འདུས་པའི་སྡོད་ས་རྣམ་པ་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར་བ་ཡིན། དེར་ཁང་བ་མང་པོ་གནས་གཅིག་ཏུ་འདུས་པ་ཙམ་མ་ཡིན་པར་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཡོད་པའི་འཚོ་བ་དང་ཐོན་སྐྱེད་ཕྱོགས་ཀྱི་མཐུན་རྐྱེན་སྣ་ཚོགས་འདུ་བ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འདུས་སྡེ།
ཁོངས་གཏོགས།
ས་རྒྱུས།
རིགས་དབྱེ།
ཞིང་སྡེ།
1 གོ་དོན།

འདུས་སྡེ་ཞེས་པ་ནི་མིའི་རིགས་ཕྱོགས་གཅིག་ཏུ་འདུས་པའི་སྡོད་ས་རྣམ་པ་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར་བ་ཡིན། དེར་ཁང་བ་མང་པོ་གནས་གཅིག་ཏུ་འདུས་པ་ཙམ་མ་ཡིན་པར་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཡོད་པའི་འཚོ་བ་དང་ཐོན་སྐྱེད་ཕྱོགས་ཀྱི་མཐུན་རྐྱེན་སྣ་ཚོགས་འདུ་བ་ཡིན།

2 བྱེད་ནུས་དང་རིགས་དབྱེ།

འདུས་སྡེ་ནི་མི་རྣམས་སྡོད་ས་དང་འཚོ་བ་རོལ་ས། ངལ་གསོ་ས། སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་སའི་ར་བ་ཡིན་ལ། མི་རྣམས་ཀྱི་ཐོན་སྐྱེད་བྱེད་སའང་ཡིན། འདུས་སྡེ་ལ་གྲོང་གསེབ་དང་གྲོང་ཁྱེར་ཏེ་རིགས་ཆེན་པོ་གཉིས་ཡོད།

3 དམིགས་ཡུལ།

འདུས་སྡེ་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བསྟུན་ཐབས་བྱས་པ་དང་རང་བྱུང་ཁམས་བེད་སྤྱད་པ་ལས་བྱུང་བ་ཞིག་ཡིན་པའི་ཆ་ནས་དེ་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན། འདུས་སྡེ་ཕྱིའི་རྣམ་པ་དང་ཆགས་སྟངས་ཚང་མར་གནས་དེའི་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་མངོན་གསལ་ཞིག་ཐེབས་ཡོད།

4 ཕན་ནུས།

དེ་དང་མཉམ་དུ་འདུས་སྡེ་ནི་རིག་གནས་ཀྱི་ལྗོངས་ཁམས་གལ་ཆེན་ཞིག་ཀྱང་ཡིན་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་ལྗོངས་ཁུལ་དེའི་དཔལ་འབྱོར་ཆུ་ཚད་དང་དམངས་སྲོལ་མཚོན་ཐུབ། འདུས་སྡེ་ཡིས་ས་ཁམས་ཁོར་ཡུག་དང་མིའི་རིགས་ཀྱི་དཔལ་འབྱོར་བྱེད་སྒོ་ལ་ཤུགས་རྐྱེན་གཏོང་པ་དང་། གྲོང་ཁྱེར་འདུས་སྡེ་ཡིས་དཔལ་འབྱོར་འཕེལ་རྒྱས་དང་ཁྱབ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་གཏོང་ཐུབ་པ་ནི་སྨོས་མ་དགོས་སོ།།


བརྡ་འགྲེལ་གདོང་འཛར།

འདུས་སྡེ། བྱེད་ནུས། དམིགས་ཡུལ།