དུས་རབས།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-24 16:29ལ་འགྲུབ།

དུས་རབས།

དུས་རབས་ནི་ལོ་བརྒྱ་སྐོར་ཚན་གཅིག་བརྒྱབ་པའོ། ། དུས་རབས་རྩི་དུས་སུ། དེར་ངོ་ཐོག་གི་དུས་རབས་བརྩིས་ཡོད་དོ། ། དཔེར་ན། ལོ་གཅིག་ནས་བརྒྱའི་བར་དུ་དུས་རབས་གཅིག་དང་། ལོ་བརྒྱ་དང་གཅིག་ནས་ཉིས་བརྒྱའི་བར་དུ་དུས་རབས་གཉིས་དང་། ལོ་ཉིས་བརྒྱ་དང་གཅིག་ནས་སུམ་བརྒྱའི་བར་དུ་དུས་རབས་གསུམ་དང་། ལོ་སུམ་བརྒྱ་དང་གཅིག་ནས་བཞི་བརྒྱའི་བར་དུ་དུས་རབས་བཞི་དང་། ལོ་བཞི་བརྒྱ་དང་གཅིག་ནས་ལྔ་བརྒྱའི་བར་དུ་དུས་རབས་ལྔ་ཡིན་པ་སོགས་རིམ་བཞིན་རིགས་བསྒྲེ་བར་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世纪
1 ངོ་སྤྲོད།

དུས་རབས་ནི་ལོ་བརྒྱ་སྐོར་ཚན་གཅིག་བརྒྱབ་པའོ། ། དུས་རབས་རྩི་དུས་སུ།   དེར་ངོ་ཐོག་གི་དུས་རབས་བརྩིས་ཡོད་དོ། ། དཔེར་ན།   ལོ་གཅིག་ནས་བརྒྱའི་བར་དུ་དུས་རབས་གཅིག་དང་།   ལོ་བརྒྱ་དང་གཅིག་ནས་ཉིས་བརྒྱའི་བར་དུ་དུས་རབས་གཉིས་དང་།   ལོ་ཉིས་བརྒྱ་དང་གཅིག་ནས་སུམ་བརྒྱའི་བར་དུ་དུས་རབས་གསུམ་དང་།    ལོ་སུམ་བརྒྱ་དང་གཅིག་ནས་བཞི་བརྒྱའི་བར་དུ་དུས་རབས་བཞི་དང་།    ལོ་བཞི་བརྒྱ་དང་གཅིག་ནས་ལྔ་བརྒྱའི་བར་དུ་དུས་རབས་ལྔ་ཡིན་པ་སོགས་རིམ་བཞིན་རིགས་བསྒྲེ་བར་བྱ།    དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་མ་ཚུགས་པའི་སྔོན་གྱི་ལོ་བདུན་པ་མེ་མོ་གླང(སྤྱི་ལོ617)ལ་སྲོང་བཙན་སྒམ་པོ་འཁྲུངས་པར་བཞེད།    ལོ་འདི་ནི་དུས་རབས་བདུན་པའི་སྟོད་ཀྱི་ཆ(ལོ་རབས་བཅུ་བའི་བགྲང་བྱ་བདུན་པ)ཡིན་པ་ཤེས་པར་བྱའོ། །སྟོད་སྨད་ནི་བགྲང་བྱའམ་ལོ་བརྒྱའི་ཕྱེད་ཀའི་ཡན་ཆད་དང་མན་ཆད་ཡིན་པ་ཤེས་པར་གྱིས།    ཡང་སྤྱི་ལོ་སྔོན་གྱི་ལོ476གི་བར་ལོ་བཞི་བརྒྱར་ཀྲོའུ་རྒྱལ་རབས་ཤར་མ་བྱུང་ཟེར་བ་ལ།    སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་སྨད་དམ་མཇུག་ཏུ་ཞེས་བརྗོད་དགོས།    སྤྱི་ལོ་སྔོན་གྱི་དུས་རབས16ལྟ་བུ་ནི་སྤྱི་ལོ་སྔོན1500ནས་སྤྱི་ལོ་སྔོན1599བར་ཡིན་ནོ། ། ཡང་།    དུས་རབས18ལྟ་བུ་ནི་སྤྱི་ལོ1700ནས་སྤྱི་ལོ1799བར་ཡིན་ནོ། །དུས་རབས14བའི་ལོ་རབས50བའི་ནང་དུ་རྗེ་ཙོང་ཁ་བ་ཆེན་པོ་སྐུ་བལྟམས(སྤྱི་ལོ1357ལོའི་ཟླ10བའི་ཚེས10)ཟེར་བ་ནི་སྤྱི་ལོ1350ནས་སྤྱི་ལོ1359བར་དུ་འཁེལ་ཡོད།   དུས་རབས15བའི་ལོ་རབས10བའི་ལོ9བར་རྗེ་ཙོང་ཁ་བ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས(སྤྱི་ལོ1419ལོའི་ཟླ10བའི་ཚེས25)ཟེར་བ་ནི་སྤྱི་ལོ1419ཡིན་པར་ཤེས་སོ། ། ཡང་སྤྱི་ལོ་སྔོན977ནས་སྤྱི་ལོ་སྔོན878ནི་སྤྱི་ལོ་སྔོན་གྱི་དུས་རབས10བ་ནས་དུས་རབས9བའི་བར་ཡིན།   དེ་ཡང་ཞིབ་མོ་ཙམ་བརྗོད་ན།   སྤྱི་ལོ་སྔོན་གྱི་དུས་རབས10བའི་ལོ་རབས70བའི་ལོ(བགྲང་བྱ)7པ་ནས་སྤྱི་ལོ་སྔོན་གྱི་དུས་རབས9བའི་ལོ་རབས80བའི་ལོ(བགྲང་བྱ)8པའི་བར་ཞེས་པའོ། ། སྤྱི་ལོ1995ནི་དུས་རབས20བའི་ལོ་རབས90བའི་ལོ(བགྲང་བྱ)5ཡིན་ནོ། ། དུས་རབས་བརྗོད་སྐབས་སུ།    དུས་རབས་ཀྱི་གྲངས་ཀ་ནི་ངོ་ཐོག་གི་དུས་རབས་དང་བཅས་པ་ཡིན་ནོ། །