སྲིད་འཛིན་དོ་དམ་རིག་པ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-24 16:29ལ་འགྲུབ།

སྲིད་འཛིན་དོ་དམ་རིག་པ།

སྲིད་འཛིན་དོ་དམ་རིག་པ་ནི་རྒྱལ་ཁབ་ལས་ཁུངས་གསར་འཛུགས་དང་། མི་སྣ་སྡེབ་སྒྲིག་བྱེད་པ། དོ་དམ་ནུས་ལྡན་ཡོང་ཐབས་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政管理学
1 ​གོ་དོན།

སྲིད་འཛིན་དོ་དམ་རིག་པ་ནི་རྒྱལ་ཁབ་ལས་ཁུངས་གསར་འཛུགས་དང་། མི་སྣ་སྡེབ་སྒྲིག་བྱེད་པ།  དོ་དམ་ནུས་ལྡན་ཡོང་ཐབས་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན།  དེ་གསལ་བོར་བཤད་ན།  སྲིད་འཛིན་དོ་དམ་རིག་པས་སྲིད་འཛིན་རྩ་འཛུགས་ལ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་དབང་ཤུགས་བཀོལ་ནས།  སྤྱི་སྤྱོད་དོན་ལས་བྱ་བར་དོ་དམ་ཇི་ལྟར་བྱེད་པར་ཞིབ་འཇུག་བྱེད་དགོས། ངེས་ཚིག་དེས་སྲིད་འཛིན་དོ་དམ་བྱེད་ཁྲོད་དུ་གནས་པའི་སྲིད་འཛིན་བྱ་བའི་གོ་གནས་དང་ནུས་པ་ཇི་འདྲ་ཡིན་པ་མངོན་གསལ་དུ་བསྟན་པར་མ་ཟད། རྒྱལ་ཁབ་ཀྱི་དབང་ཤུགས་བཀོལ་སྤྱོད་བྱེད་དགོས་ཚུལ་དང་།  སྤྱི་ཚོགས་སུ་གྱུར་བའི་སྤྱི་སྤྱོད་དོན་ལས་བྱ་བར་དོ་དམ་བྱེད་པ། སྲིད་འཛིན་དོ་དམ་བྱ་བའི་ལས་ཆོད་མཐོ་རུ་གཏོང་བ།སྲིད་འཛིན་དོ་དམ་བྱ་བའི་ཆོས་ཉིད་སོགས་འབུར་ཐོན་ཡིན་དགོས་ཚུལ་སོགས་གསལ་བཤད་གནང་ཡོད།

2 ཞིབ་འཇུག་བྱེད་ཡུལ་དང་ནང་དོན།

གཞུང་འདིར་ཐོག་མར་ཞུབ་འཇུག་བྱེད་དུས་སྲིད་ཁྲིམས་གཙོར་བཟུང་ནས་ཞིབ་འཇུག་བྱས་ཀྱང་རྗེས་སུ་སྤྱི་ཚོགས་ཐོན་སྐྱེད་འཕེལ་བའི་དགོས་མཁོར་བསྟུན་ཏེ།  རིག་པ་འདིའི་ཞིབ་འཇུག་བྱེད་ཡུལ་གྱི་གནང་དོན་ཐད་དུས་བསྟུན་བཅོས་བསྒྱུར་གནང་། ད་ལྟའི་དུས་འདིར།  སྲིད་འཛིན་རྩ་འཛུགས་ཀྱིས་ཁྲིམས་ལུགས་དང་བཀའ་ཁྲིམས་གཞིར་བཟུང་སྟེ། རྒྱལ་ཁབ་ཀྱི་དབང་ཤུགས་ཇི་ལྟར་བཀོལ་དགོས་ཚུལ་དང་།  སྤྱི་ཚོགས་ཀྱི་སྤྱི་དོན་ལས་བྱ་བར་དོ་དམ་ཕན་ནུས་ལྡན་པ་ཇི་ལྟར་བྱེད་དགོས་ཚུལ་དེ་དག་ནི་སྲིད་འཛིན་དོ་དམ་རིག་པས་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ཡིན།   རྣམ་གྲངས་ཀྱི་ངོས་ནས་བལྟས་ན། སྲིད་འཛིན་བྱ་བའི་རྩ་བའི་རིག་པ་དང་སྲིད་འཛིན་རྩ་འཛུགས།  སྲིད་འཛིན་འགོ་ཁྲིད།  མི་དོན་སྲིད་འཛིན། ནོར་དོན་སྲིད་འཛིན། དོ་དམ་ཁྲིམས་སྲོལ། སྲིད་འཛིན་སྲིད་གཅོད། སྲིད་འཛིན་ལག་རྩལ། སྲིད་འཛིན་འཕྲིན་གསར།  སྲིད་འཛིན་བལྟ་སྐུལ།  སྲིད་འཛིན་བྱེད་ཐབས།  ལས་ཁུངས་དོ་དམ།  སྲིད་འཛིན་ལས་ཆོད།  སྲིད་འཛིན་བཅོས་སྒྱུར་སོགས་སྲིད་འཛིན་དོ་དམ་རིག་པས་ཞིབ་འཇུག་བྱེད་ཡུལ་ཡིན།

3 སློབ་པའི་དགོས་པ།

སྲིད་འཛིན་དོ་དམ་རིག་པར་སློབ་དགོས་པའི་དོན་སྙིང་ཁ་ཤས་ཡོད་པ་གཤམ་གསལ།

1.ཚན་རིག་ལ་མཐུན་པའི་སྤྱི་ཚོགས་ལམ་ལུགས་ལག་ལེན་བྱེད་པའི་དགོས་མཁོ་ཡིན་པ།

2.འཛམ་གླིང་གི་ལག་རྩལ་གསར་བའི་གསར་བརྗེར་འགྲན་སྡུར་སློང་བའི་དགོས་མཁོ་ཡིན་པ།

3.སྲིད་འཛིན་བཅོས་སྒྱུར་དང་སྲིད་འཛིན་འགན་ནུས་ཇེ་མཐོར་གཏོང་བའི་དགོས་མཁོ་ཡིན།

མིག་སྔར། དེང་རབས་དོ་དམ་དར་བའི་དུས་འདིར།ང་ཚོས་སྲིད་འཛིན་དོ་དམ་རིག་པའི་ཤེས་ཡོན་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པའི་དགོས་གཏུགས་ཆེ་ལ།གནའ་དེང་གི་ཀྲུང་ཕྱིའི་སྲིད་འཛིན་དོ་དམ་བྱ་བའི་ཉམས་མྱོང་ཀུན་ལ་སྡུར་དཔྱོད་དང་ཟུར་བལྟ་བྱས་ནས་དོ་དམ་རིག་གནས་ནང་འདྲེན་དང་།དོ་དམ་གཞུང་ལུགས་བྱ་བར་ཞིབ་འཇུག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲིད་འཛིན་རིག་པ་འཛུགས་སྐྲུན་བྱེད་དགོས།