མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:40ལ་འགྲུབ།

མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།
​མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཡུལ་དབུས་དང་། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག89°24~102°23བར་དང་། བྱང་གི་འཕྲེད་ཐིག31°~36°16བར་ཡིན། མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཏོགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི39.5ཡོད། མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་གཙོད་དང་། གསའ། རྩི་ཤིང་རིགས་སྣ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海三江源国家级自然保护区
སྲུང་སྐྱོབ་ཁུལ་རིམ་པ།
རྒྱལ་ཁབ་རིམ་པ།
ས་ཁམས་གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་རྒྱལ་ལམ214ནུབ་ཕྱོགས་ཀྱི་སྨི100ཡི་མཚམས།
​གནམ་གཤིས།
ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས།
ས་ཁོངས་རྒྱ་ཁྱོན།
སྤྱི་ཆིང་ཁྲི1523
རིགས།
འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ།
མཆན་འགོད་དུས་ཚོད།
སྤྱི་ལོ2000ལོའི་ཟླ7པའི་ཚེས22ཉིན།
སྲུང་ཡུལ།
གཙོད་དང་། གསའ། རྩི་ཤིང་སོགས།
མཛེས་ལྗོངས་གྲགས་ཅན།
གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དྲན་གསོའི་རྡོ་རིང་།
མཚོ་ངོས་ལས་མཐོ་ཚད།
སྨི3335-6564བར།
ཁྱད་ཆོས།
ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འདམ་རའི་རིགས་ཀྱི་སྲུང་སྐྱོབ་ཁུལ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2000ལོའི་ཟླ7པའི་ཚེས22ཉིན། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མིང་བྱང་བྲིས།

སྤྱི་ལོ2005ལོའི་ཟླ7པའི་ཚེས18ཉིན། མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱེད་འགོ་ཚུགས།

སྤྱི་ལོ2013ལོའི་ཟླ12པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་བཅོས་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས།   

2 ས་གཤིས་ས་དབྱིབས།

མཚོ་སྔོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་འབྱུང་ཁུངས་ཡིན་པ་དང་། ས་བབ་དམའ་ཤོས་ལ་སྨི3335དང་། ས་བབ་མཐོ་ཤོས་ལ་སྨི6564ཡོད།  ས་བབ་དམའ་ཤོས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཤར་ལྷོའི་རྒྱུད་ཀྱི་འབྲི་ཆུའི་ངོས་སུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4400ཡས་མས་ཡོད།

3 གནམ་གཤིས།

མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གནམ་གཤིས་ནི་མཚོ་བོད་ས་མཐོའི་གནམ་གཤིས་མ་ལག་གི་ཁོངས་སུ་གཏོགས་པ་དང་དཔེ་མཚོན་ཅན་གྱི་ས་མཐོའི་སྐམ་ས་ཆེན་མོའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དེ་ནི་ཚ་གྲང་དུས་ཚིགས་གཉིས་བརྗེ་རེས་དང་སྐམ་རློན་དུས་ཚིགས་གཉིས་ཀྱི་དབྱེ་བ་གསལ་པོ་ཡོད་པ། ལོའི་དྲོད་ཚད་ཧེ་བག་ཆུང་བ། ཉིན་རེའི་དྲོད་ཚད་ཧེ་བག་ཆེ་བ། ཉི་འོད་ཕོག་ཡུན་རིང་བ། དུས་བཞིའི་དབྱེ་བ་མེད་པ་བཅས་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན།

4 ཆུ་དཔྱད།

མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཙང་པོ་དང་མཚེའུ་མང་བ་དང་། ན་འདམ་མང་བ། གངས་རི་དང་འཁྱགས་རོམ་གྱི་ཁྱབ་རྒྱ་ཆེ་བ་བཅས་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་ཡིན་པ་དང་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.33ཡོད་པ་དེས་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི24%བཟུང་ཡོད།   

5 ས་ཁོངས།

མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་ཡོད་ལ། དེའི་ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག89°24~102°23བར་ཡིན་པ་དང་། བྱང་གི་འཕྲེད་ཐིག31°~36°16བར་ཡིན།

6 སྲུང་སྐྱོབ་དམིགས་འབེན།

ལོ་རྒྱུས་ཐོག་གཙང་གསུམ་ཆུ་མགོ་ཁུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མང་བའི་ས་མཐོའི་རྩྭ་ཐང་གི་སྤང་གཞོང་ཁུལ་ཞིག་ཡིན་པས་སྐྱེ་ཁམས་ཁོར་ཡུག་གི“ས་རྒོད”ཅེས་བརྗོད་ཀྱིན་ཡོད། འོན་ཀྱང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་འཁྱགས་རོམ་དང་གངས་རི་ལོ་རེ་བཞིན་ཆུང་དུ་ཕྱིན་པ་དེས་ས་མཐོའི་མཚེའུ་དང་འདམ་རའི་ཆུ་ཁུངས་མཁོ་སྤྲོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། མཚེའུ་དང་འདམ་རའི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་ཐ་ན་སྐམ་པ། འདམ་རྫབ་མེད་པར་གྱུར་པ་མ་ཟད་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་གྱུར་ཡོད། མི་འབོར་ཚོད་འཛིན་མེད་པར་འཕར་སྣོན་བྱུང་བ་དང་མིའི་རིགས་ཀྱིས་ཚད་མེད་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་བ་དེས་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད། ལྷག་པར་དུ་རྩྭ་ས་གཞི་ཁྱོན་ཆེན་པོས་ཞན་འགྱུར་དང་བྱེ་ཐང་དུ་གྱུར་བ་དེས་ས་ཁུལ་དེའི་རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་དང་ས་ཞིང་སྲུང་སྐྱོབ་ནུས་པ་ཆུང་དུ་ཕྱིན་པ་དང་། སྤུས་ལེགས་གཟན་རྩྭ་རིམ་བཞིན་རྩྭ་ལྡུམ་དུ་གྱུར་བ། རྩྭ་ཐང་ལ་གནོད་འཚེ་ཡོད་པའི་སྲོག་ཆགས་བྱི་བ་ལྟ་བུ་ཇེ་མང་དུ་སོང་བས་ཕྱུགས་ཟོག་གི་ཤོང་ཚད་ཉུང་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་གི་སྤུས་ཚད་ཉམས་ཞན་དུ་གྱུར། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཆུ་མགོའི་ཁུལ་གྱི་སྔོ་ཁེབས་དང་འདམ་རའི་སྐྱེ་ཁམས་མ་ལག་ལ་གཏོར་སྐྱོན་ཕོག་པ་དང་བསྟུན་ནས་ཆུ་ཁུངས་སླར་གསོའི་ནུས་པ་ཆུང་དུ་ཕྱིན་ནས་གཙང་གསུམ་དབུས་རྒྱུད་དང་སྨད་རྒྱུད་ཀྱི་རྒྱ་ཆེའི་ས་ཁུལ་དུ་ཐན་ཞོད་ཀྱི་གནོད་འཚེ་ཡང་ཡང་ཐོན་པ་དང་། བཟོ་ཞིང་ལས་རིགས་ཀྱི་ཐོན་སྐྱེད་ལ་ཚོད་འཛིན་ཚབས་ཆེན་ཕོག་པ་མ་ཟད། འབྲི་ཆུ་དང་། རྨ་ཆུའི་འབབ་རྒྱུད། ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་སྐྱེ་ཁམས་བདེ་འཇགས་ལ་ཐད་ཀར་འཇིགས་སྐུལ་ཐེབས་ཡོད་པ་རེད།   

7 ཁྱད་ཆོས།

1. ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ།

2. ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་འདམ་ར། ཆ་སྙོམས་མཐོ་ཚད་སྨི4000ལྷག་ཙམ་ཡོད། གཙང་གསུམ་ཆུ་མགོར་ཀྲུང་ཧྭའི་ཆུ་ལྕོག་གི་མཚན་སྙན་ཡོད།  

3. འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ།

4. གཙང་གསུམ་སྐྱེ་ཁམས་མ་ལག་གི་ཚོར་སྣང་སྐྱེན་པའི་ས་ཁུལ་ཞིག་ཡིན། དེ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་འབྱུང་ཁུངས་ཡིན། 

8 དོ་དམ་གནས་ཚུལ།

སྤྱི་ལོ1999ལོར། ཀྲུང་གོ་མྱུལ་དཔྱད་མཐུན་ཚོགས་ཀྱིས་ཆུའི་ཐོན་ཁུངས་ཀྱི་ཆེད་མཁས་པ་དང་ཚན་རིག་པ་གཞན་དག་སྒྲིག་འཛུགས་བྱས་ཏེ་རྫ་ཆུར་ཕྱོགས་བསྡུས་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་བྱས་པ་བརྒྱུད“ནུབ་བྱང་ཆེན་པོ་གསར་སྤེལ་དང་གཙང་གསུམ་ཆུ་མགོ་སྲུང་སྐྱོབ་བྱེད་དགོས”ཞེས་པའི་གྲོས་འགོ་བཏོན་པ་རེད། གྲོས་འགོ་དེར་རྒྱལ་ཁབ་ནགས་ལས་ཅུའུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་། ཀྲུང་གོ་ཚན་རིག་མཐུན་ཚོགས་དང་དེ་བཞིན་ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་རེད།  

སྤྱི་ལོ2000ལོའི་ཟླ2པའི་ཚེས2ཉིན། རྒྱལ་ཁབ་ནགས་ལས་ཅུའུ་ཡིས《མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུར་གང་མགྱོགས་སྒོས་བསམ་བློ་གཏོང་དགོས་པའི་སྐོར་གྱི་ཡི་གེ》མཚོ་སྔོན་ཞིང་ཆེན་ལ་འགྲེམས་སྤེལ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ཀྱི་ཐོག་མའི་བསམ་འཆར་རྩོམ་འབྲི་བྱས་པ་དང་འབྲེལ། སྤྱི་ལོ2000ལོའི་ཟླ3པའི་ཚེས21ཉིན་རྒྱལ་ཁབ་ནགས་ལས་ཅུའུ་དང་། ཀྲུང་གོ་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག“མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལག་བསྟར་བྱེད་འཐུས་རང་བཞིན་གྱི་བགྲོ་གླེང་ཚོགས་འདུ”འཚོགས་ཤིང་། ཚོགས་འདུའི་ཐོག“ཀྲུང་ཧྭའི་ཆུ་ལྕོག”ལ་ཉེན་ཁ་ཚབས་ཆེན་འཕྲད་པ་དང་། གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུ་ནི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ལྷོད་ཡངས་གཏོང་མི་རུང་བ་བསྟན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྟག་ཞིབ་ནན་ཏན་བྱས་པ་བརྒྱུད། སྤྱི་ལོ2000ལོའི་ཟླ5པར་གཙང་གསུམ་ཆུ་མགོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་མ་ཟད། སྤྱི་ལོ2001ལོའི་ཟླ9པར་མཚོ་སྔོན་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་འཛུགས་རྒྱུའི་ཆོག་མཆན་ཡང་སྤྲད་པ་རེད།

སྤྱི་ལོ2001ལོའི་ཟླ8པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཆེད་མཁས་པའི་ཚོ་ཆུང་མངགས་ནས་གཙང་གསུམ་ཆུ་མགོའི་ས་ཁུལ་དུ་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་བྱས་པའི་གྲུབ་འབྲས་ལ་གཞིགས་ནས་རྒྱལ་ཁབ་ནགས་ལས་ཅུའུ་འཆར་འགོད་ཁང་དང་གཙང་གསུམ་ཆུ་མགོའི་སྲུང་སྐྱོབ་ཁུལ་གྱི་སྤྱི་ལོ2001ལོ་ནས་སྤྱི་ལོ2010ལོ་བར་གྱི་ལོ་བཅུའི་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་པ་རེད།  

སྤྱི་ལོ2003ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་གསུམ་ཆུ་མགོའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་དངོས་སུ་ཆོག་མཆན་སྤྲད་པ་རེད།   

9 སྐྱེ་ཁམས་རིན་ཐང་།

མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོ་ཡིན་པས“གཙང་པོའི་ཆུ་མགོ”ཞེས་པའི་བརྗོད་སྲོལ་ཡོད་པ་དང“ཀྲུང་ཧྭའི་ཆུ་ལྕོག”ཅེས་བརྗོད་ཀྱིན་ཡོད། དེའི་ནང་འབྲི་ཆུའི་ཆུ་གཞུང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ6300དང་། ཞིང་ཆེན་ནང་ཁུལ་གྱི་རིང་ཚད་ལ་སྤྱི་ལེ་1217 འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15.85ཡོད། དེས་གཙང་གསུམ་ཆུ་མགོའི་རྒྱ་ཁྱོན་གྱི་43.6%བཟུང་ཡོད། རྨ་ཆུའི་གཞུང་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ5464ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་རིང་ཚད་ལ་སྤྱི་ལེ1959.1ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་་16.72ཡོད། རྫ་ཆུའི་ཆུ་གཞུང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ4600ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་རིང་ཚད་ལ་སྤྱི་ལེ448ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.74ཡོད། སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་གཙང་གསུམ་ཆུ་མགོའི་ཁུལ་གྱི་འཁྱགས་རོམ་དང་གངས་རི་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་དེས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྤུས་ཚད་ལའང་གནོད་འཚེ་བཟོ་གིན་ཡོད། དབུས་རྒྱུད་དང་སྨད་རྒྱུད་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། དེར་བརྟེན་མཚོ་སྔོན་གྱི་གཙང་གསུམ་ཆུ་མགོའི་ས་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་རྒྱུ་དེ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་ཆུ་མགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱེད་པའི་བྱེད་ཕྱོགས་དང་ཐབས་ཇུས་དོན་འཁྱོལ་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།          

དཔྱད་གཞིའི་ཡིག་ཆ།