རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ནི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་སེལ་བ་དང་དུས་རབས་གསར་བའི་འཕེལ་རྒྱས་ལས་འགན་དོན་འཁྱོལ་བྱེད་པར་དཔེ་སྟོན་བྱེད་པ་དང་འབྲེལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ལ་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱེད་ཆེད་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན།
སྤྱི་ལོ2018ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་མཆན་བཀོད་བཀའ་ལན་གནང་ནས་ཧྲེན་ཀྲེན་གྲོང་ཁྱེར་དང་། ཐའེ་ཡོན་གྲོང་ཁྱེར། ཀུའེ་ལིན་གྲོང་ཁྱེར་བཅས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་མོས་མཐུན་བྱས་པ་རེད། སྤྱི་ལོ2019ལོའི་ཟླ5བའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར། ཧུ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་བཅས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་།
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུའུ་ཀྲོའུ་གྲོང་ཁྱེར་དང་། ཞུའུ་ཀྲོའུ་གྲོང་ཁྱེར། ཨེར་ཏོ་སི་གྲོང་ཁྱེར། ཙའོ་ཀྲོང་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་མོས་མཐུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་།
སྤྱི་ལོ2016ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོས་སྤྱི་ལོ2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་བྱེད་པའི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇུས་གཞི》པར་འགྲེམས་བྱས་ནས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་བཀོད་སྒྲིག་ཁ་གསལ་བྱས་ཡོད།
དེའི་སྤྱིའི་ངེས་གནས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “གསར་གཏོད་ཀྱི་འདུ་ཤེས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། སྣ་མང་ཞུགས་པ། སྒོ་དབྱེ་མཉམ་སྤྱོད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཚན་རྩལ་གསར་གཏོད་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས་ཚན་རྩལ་ལྟེ་བར་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་མ་ལག་དང་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ཏེ། རང་རྒྱལ་གྱིས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་སེལ་བ་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དཔེ་སྟོན་བྱེད་པ་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
མཆན་བཀོད་དུས་ཚོད། | མིང་ཐོ། | བརྗོད་གཞི། |
སྤྱི་ལོ2018ལོའི་ཟླ2པའི་ཚེས13ཉིན། |
ཐའེ་ཡོན་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། |
ཐོན་ཁུངས་ཅན་གྱི་གྲོང་ཁྱེར་ཚུལ་སྒྱུར་རིམ་སྤར། |
སྤྱི་ལོ2018ལོའི་ཟླ2པའི་ཚེས13ཉིན། | ཀུའེ་ལིན་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། |
མཛེས་ལྗོངས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད། |
སྤྱི་ལོ2018ལོའི་ཟླ2པའི་ཚེས13ཉིན། | ཧྲེན་ཀྲེན་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། |
གསར་གཏོད་ཀྱིས་གྲོང་ཁྱེར་ཆེ་གྲས་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། |
སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན། | ཁྲེན་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ལྗང་མདོག་འཕེལ་རྒྱས། |
སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན། | ལིན་ཚང་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | མཐའ་མཚམས་མི་རིགས་མང་བའི་དར་རྒྱས་དལ་བའི་ས་ཁུལ་གྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། |
སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན། | ཁྲེང་ཏེ་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། |
གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཆུ་ཁུངས་གསོ་འཁྱོངས་བྱེད་ནུས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས། |
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན། | ཨེར་ཏོ་སི་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | ཐང་རྒོད་ཅན་འགོག་བཅོས་དང་ལྗང་མདོག་འཕེལ་རྒྱས། |
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན། | ཞུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། |
གསར་གཏོད་ཀྱིས་ཐོན་ཁུངས་ཅན་གྱི་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། |
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན། | ཧུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | ལྗང་མདོག་གསར་གཏོད་ཀྱིས་སྣོད་བཅུད་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། |
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན། | ཙའོ་ཀྲོང་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | གསར་གཏོད་ཀྱིས་གྲོང་གསེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། |
སྤྱི་ལོ2022ལོའི་ཟླ7པའི་ཚེས10ཉིན། | མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། | གཙང་གསུམ་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ། |
སྤྱི་ལོ2018ལོའི་ཟླ3པའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་མཆན་བཀོད་བཀའ་ལན་གནང་ནས་ཐའེ་ཡོན་གྲོང་ཁྱེར་དང་། ཀུའེ་ལིན་གྲོང་ཁྱེར། ཧྲེན་ཀྲེན་གྲོང་ཁྱེར་བཅས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་མོས་མཐུན་བྱས་པ་རེད། གྲོང་ཁྱེར3གྱིས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་རྒྱལ་སྤྱིའི་འཕེལ་ཕྱོགས་དང་མཐུན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་པའི་ས་ཁུལ་འཕེལ་རྒྱས་གཏོང་བར་དཔེ་སྟོན་བྱེད་དགོས།
སྤྱི་ལོ2019ལོའི་ཟླ5པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར། ཧུ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་བཅས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་མོས་མཐུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་། དེའི་ནང་ཁྲེན་ཀྲོའུ་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་གཙོ་བོར་བྱས་པ་དང་། ལིན་ཚང་གྲོང་ཁྱེར་གྱིས་མཐའ་མཚམས་མི་རིགས་མང་པོའི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པ། ཁྲེང་ཏེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཆུ་ཁུངས་གསོ་འཁྱོངས་བྱེད་ནུས་ཁུལ་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་བརྗོད་དོན་གཙོ་བོར་བྱས་ཡོད།
སྤྱི་ལོ2022ལོའི་ཟླ7པར་ཙའོ་ཀྲོང་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་པར་འགྲེམས་བྱས་པ་རེད།
ཀུའེ་ལིན་གྱིས་ཁ་སི་ཐེ་རྡོ་ཅན་དུ་འགྱུར་བའི་ས་ཁུལ་གྱི་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས་གསར་གཏོད་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་གཏིང་ཟབ། རྣམ་གྲངས་ཀྱི་སྐུལ་ཁྲིད་མཐའ་འཁྱོངས། སྣོད་བཅུད་བཅོས་སྐྱོང་དང་ལྗང་མདོག་ནུས་ཆེའི་ཐོན་སྐྱེད་སོགས་ཀྱི་ལག་རྩལ་གཅིག་སྡུད་བེད་སྤྱོད་བཅས་བྱས་ཏེ་རང་བྱུང་མཛེས་ལྗོངས་ཐོན་ཁུངས་སྲུང་སྐྱོང་དང་། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མི་རིགས་མང་བ་དང་། སྐྱེ་ཁམས་ཉམས་ཞན་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
ཧྲེན་ཀྲེན་གྲོང་ཁྱེར་གྱིས་གསར་གཏོད་ཀྱིས་གྲོང་ཁྱེར་ཆེ་གྲས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་སྤྱི་ཚོགས་བཅོས་སྐྱོང་གི་འདེགས་སྐྱོར་ནུས་པ་བལྟོས་བཅས་ཀྱིས་མི་འདང་བ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ནས་བཙོག་ཆུ་གཙང་སེལ་དང་། བེད་མེད་དངོས་པོ་ཕྱོགས་བསྡུས་བེད་སྤྱོད། སྣོད་བཅུད་སླར་གསོ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་འདུས་གྲུབ་བཀོལ་སྤྱོད་བྱེད་པ་དང་། ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་དང་། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་། བདེ་ཐང་ཧྲེན་ཀྲེན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་སོགས་ཀྱི་འདུ་འགོད་ལག་བསྟར་བྱས་ཏེ་གྲོང་ཁྱེར་ཆེ་གྲས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།
ཐའེ་ཡོན་གྲོང་ཁྱེར་གྱིས་ཐོན་ཁུངས་ཅན་གྱི་གྲོང་ཁྱེར་རིམ་སྤོར་ཕྱོགས་སྒྱུར་བརྗོད་དོན་གཙོ་བོར་བྱས་ཏེ་ཆུའི་སྦགས་བཙོག་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་སོགས་ཀྱི་གནད་དོན་ལ་གཙོ་གནད་དུ་དམིགས་ནས་བཙོག་ཆུ་གཙང་སེལ་དང་ཆུ་སླར་གསོ་དང་། དྭངས་གཙང་ནུས་རྒྱུ་དང་འཛུགས་སྐྲུན་ནུས་རྒྱུ་གྲོན་ཆུང་སོགས་ཀྱི་ལག་རྩལ་གཅིག་སྡུད་བེད་སྤྱོད་བྱས་ཏེ་ཆུའི་ཐོན་ཁུངས་གྲོན་ཆུང་དང་། ཆུའི་ཁོར་ཡུག་བསྐྱར་འཛུགས། ནུས་ཁུངས་བེད་སྤྱོད་བྱེད་སྟངས་ལྗང་མདོག་བསྒྱུར་བཀོད་སོགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ནས་རྒྱལ་ཡོངས་ཀྱི་ཐོན་ཁུངས་ཅན་ས་ཁུལ་གྱི་དཔལ་འབྱོར་རིགས་བསྒྱུར་གོང་སྤེལ་ལ་དཔེ་སྟོན་གྱི་ཕན་ནུས་འདོན་དགོས།