ཐུན་མོང་གི་ཁེ་ཕན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-03-29 14:45ལ་འགྲུབ།

ཐུན་མོང་གི་ཁེ་ཕན།

ཐུན་མོང་གི་ཁེ་ཕན།
ཐུན་མོང་གི་ཁེ་ཕན་ནི་སྤྱི་ཚོགས་ཚོགས་པའི་ཁོངས་མི་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
集体利益
ཕྱི་ཡིག་གི་མིང་།
The interests of the collective
རིག་ཚན།
སྤྱི་ཚོགས་རིག་པ།
1 ​ངོ་སྤྲོད།

ཐུན་མོང་གི་ཁེ་ཕན་ལ་ནང་དོན་མི་འདྲ་བ་གཉིས་ཡོད་དེ། (1)སྤྱི་ཚོགས་ཀྱི་ཁེ་ཕན། (2)ཐུན་མོང་དུ་གྲུབ་པའི་མི་སྒེར་སོ་སོའི་གཅིག་མཐུན་ཁེ་ཕན་ནམ་རྩ་བའི་ཁེ་ཕན། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་མི་སྒེར་གྱི་ཁེ་ཕན་དང་། ཐུན་མོང་གི་ཁེ་ཕན། སྤྱི་ཚོགས་ཀྱི་ཁེ་ཕན་བཅས་གསུམ་ངོ་བོའི་ཐོག་གཅིག་མཐུན་ཡིན། མི་སྒེར་གྱི་ཁེ་ཕན་དང་ཐུན་མོང་གི་ཁེ་ཕན། ཐུན་མོང་གི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་བར་འགལ་བ་དང་འགལ་རྐྱེན་བྱུང་བའི་གནས་ཚུལ་འོག་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་ཀྱིས་མི་སྒེར་གྱི་ཁེ་ཕན་གྱིས་ཐུན་མོང་གི་ཁེ་ཕན་ལ་བསྟུན་དགོས་པའི་བླང་བྱ་བཏོན་ཡོད་ལ། ཐུན་མོང་གི་ཁེ་ཕན་གྱིས་སྔར་ལས་མཐོ་བའི་སྤྱི་ཚོགས་ཀྱི་ཁེ་ཕན་ལ་བསྟུན་དགོས། ཐུན་མོང་གི་ཁེ་ཕན་ལ་མི་གནོད་པའི་སྔོན་འགྲོའི་ཆ་རྐྱེན་འོགམི་སྒེར་གྱི་ཁེ་ཕན་ནི་ཐུན་མོང་གི་ཁེ་ཕན་གྱི་གྲུབ་ཆ་ཞིག་ཡིན་པས་ཐུན་མོང་གིས་མི་སྒེར་གྱི་ཁེ་ཕན་ལ་སེམས་ཁུར་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་བྱེད་དགོས།

ཐུན་མོང་གི་ཁེ་ཕན་ནི་སྤྱི་ཚོགས་ཚོགས་པའི་ཁོངས་མི་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་ཡིན། དེ་གནས་སའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆས་དབང་བའི་ལམ་ལུགས་དང་འབྲེལ་བ་དམ་པོ་ཡོད་པ་དང་། དབང་བའི་ལམ་ལུགས་མི་འདྲ་བའི་འབྲེལ་བས་ཐུན་མོང་གི་ཁེ་ཕན་གྱི་ངོ་བོ་མི་འདྲ་བ་ཐག་གཅོད་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་ཐུན་མོང་གི་ཁེ་ཕན་དེ་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། རྒྱལ་ཁབ་དང་མི་དམངས་ཡོངས་ཀྱི་ཁེ་ཕན་ལ་ཟེར་བ་དང་། དུས་མཚུངས་སུ་མི་རྣམས་གནས་སའི་ཐུན་མོང་གི་ཁོངས་མི་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་ལའང་ཟེར་བ་ཡིན། ཐུན་མོང་གི་ཁེ་ཕན་ལ་བྱེ་བྲག་ཏུ་སྤྱི་ཚོགས་ཚོགས་པའི་སྤྱི་ལ་དབང་བའི་རང་བྱུང་ཐོན་ཁུངས་སམ་ཐུན་མོང་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་དང་མ་དངུལ། སློབ་གསོ་དང་རིག་གནས་རོལ་རྩེད་སྒྲིག་བཀོད་སོགས་འདུས།

མི་སྒེར་གྱི་ཁེ་ཕན་བར་གྱི་འབྲེལ་བ། ཐུན་མོང་གི་ཁེ་ཕན་ནི་མི་སྒེར་གྱི་ཁེ་ཕན་མང་ཆེ་བའི་མཚོན་ཚུལ་ཡིན་པ་དང་། མི་སྒེར་གྱི་ཁེ་ཕན་དང་སྤྱི་ཁོག་གི་གཅིག་མཐུན་རང་བཞིན་དང་གཅིག་གྱུར་རང་བཞིན་ཡོད། ཐུན་མོང་གི་ཁེ་ཕན་མངོན་འགྱུར་བྱེད་པ་ནི་མི་སྒེར་གྱི་ཁེ་ཕན་ཡིད་ཚིམ་པའམ་ཡང་ན་ཡིད་ཚིམ་པར་རྨང་གཞི་བཏིང་བ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁེ་ཕན། ཐུན་མོང་། མི་སྒེར།