【འགྲེལ་བ】དོན་ཚན་མང་ཆེ་བ་ནི་སྤྱད་ན་རྫོགས་མཐའ་མེད་པ་དང་བླངས་ན་རྫོགས་མཐའ་མེད་པའི་ནུས་ཁུངས་བེད་སྤྱོད་བྱེད་པར་ཟེར། ནུས་ཁུངས་དེའི་རིགས་ནི་སླར་སྐྱེས་བྱེད་ཐུབ་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་སུ་ཟད་གྲོན་མེད་པའི་ནུས་ཁུངས་ལ་བརྟེན་ནས་གློག་འདོན་པ་ཞིག་ཡིན། སྤྱིར་བཏང་དུ་ཆུ་ཤུགས་གློག་འདོན་དང་རླུང་ཤུགས་གློག་འདོན། སྐྱེ་དངོས་ཀྱི་རིགས་གློག་འདོན། ཉི་ནུས་གློག་འདོན། རྒྱ་མཚོའི་ནུས་པའི་གློག་འདོན། ས་འོག་ཚ་ནུས་ཀྱིས་གློག་འདོན་པ་སོགས་ལ་ཟེར།
སྤྱི་ལོ2007ལོའི་ཟླ9བར་རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི《གློག་དྲའི་ཁེ་ལས་ཀྱིས་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་ཚད་ཡོངས་རྫོགས་ཉོ་སྒྲུབ་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཐབས》ནང་གཏན་འབེབས་བྱས་དོན།
“རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་དེའི་མངགས་གཏོང་སྒྲིག་གཞི(གཤམ་དུ་གློག་ཤུགས་ལྟ་སྐུལ་དོ་དམ་སྒྲིག་གཞི་ཞེས་བསྡུ་རྒྱུ)ཡིས་བྱ་ཐབས་འདི་གཞིར་བཟུང་སྟེ། གློག་དྲའི་ཁེ་ལས་ཀྱིས་དེའི་གློག་དྲའི་ཁྱབ་ཁོངས་ནང་གི་སླར་སྐྱེས་ཐུབ་པའི་ནུས་རྒྱུ་དྲ་སྦྲེལ་གློག་གཏོང་རྣམ་གྲངས་ཀྱི་དྲ་ཞུགས་གློག་ཚད་ཆ་ཚང་ཉོ་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན”པར་བསྟན།
“གློག་ཤུགས་ཁེ་ལས་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྐྱར་སྤྱོད་རུང་བའི་ནུས་ཁུངས་དང་གློག་ཤུགས་འཛུགས་སྐྲུན། ཐོན་སྐྱེད། ཉོ་ཚོང་བཅས་བྱ་རྒྱུ་མ་ཟད། ཁྲིམས་ལྟར་གློག་ཤུགས་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་ཡང་བྱ་དགོས།
གློག་དྲའི་ཁེ་ལས་ཀྱིས་དེའི་གློག་དྲས་ཁེབས་པའི་ཁྱབ་ཁོངས་ནང་གི་བསྐྱར་སྤྱོད་རུང་བའི་ནུས་ཁུངས་དྲ་སྦྲེལ་གློག་འདོན་ལས་གཞིའི་དྲ་ཞུགས་གློག་ཚད་ཡོངས་རྫོགས་བསྡུ་ཉོ་བྱེད་དགོས་པ་དང་། བསྐྱར་སྤྱོད་རུང་བའི་ནུས་ཁུངས་ཀྱི་གློག་འདོན་ཁེ་ལས་ཀྱིས་གཞོགས་འདེགས་བྱེད་དགོས།”
སྤྱི་ལོ2021ལོའི་ཟླ10བའི་ཟླ་མཇུག་བར་རང་རྒྱལ་གྱི་སླར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་རིམ་རྩིས་བྱས་ཚེ་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར10.02ཟིན་ཏེ། ཆན་ཝ་དུང་ཕྱུར10ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དེ་སྤྱི་ལོ2015ལོའི་ལོ་མཇུག་ལས་ལྡབ་འཕར་བྱུང་བ་དང་། དེས་རྒྱལ་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་བསྡུར་ཚད43.5%བཟུང་ནས་སྤྱི་ལོ2015ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས10.2མཐོ་རུ་ཕྱིན་ཡོད་པ་རེད།