ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་དང་སྒྲིག་ཁོངས་གཞུང་ལས་ཁང་།སྔ་མའི་པར་གཞི་དེ མགོན11  ནས 2022-05-19 08:59ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་དང་སྒྲིག་ཁོངས་གཞུང་ལས་ཁང་།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་དང་སྒྲིག་ཁོངས་གཞུང་ལས་ཁང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་དང་སྒྲིག་ཁོངས་གཞུང་ལས་ཁང་ནི་སྤྱི་ལོ2016ལོའི་ཟླ1པོར་བཙུགས་པ་དང་། དེ་ནི་ཀྲུང་དབྱང་དམག་ཨུས་བཙུགས་པའི་འགན་ནུས་སྡེ་ཁག15ཡི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央军事委员改革和编制办公室
1 སྒྲིག་འཛུགས་དུས་ཚོད།

སྤྱི་ལོ2016ལོའི་ཟླ1པོའི་ཚེས11ཉིན་རྒྱལ་སྲུང་པུས་དམག་ཨུ་ལས་ཁུངས་ལེགས་སྒྲིག་དང་སྒྲིག་འཛུགས་བྱས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལེགས་སྒྲིག་སྒྲིག་འཛུགས་བྱས་རྗེས་དམག་ཨུ་ལས་ཁུངས་དེ་དེ་སྔའི་སྤྱི་ཁྱབ་དྲག་ཇུས་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ། སྤྱི་ཁྱབ་སྒྲིག་སྦྱོར་པུའུ་སོགས་སྤྱི་ཁྱབ་པུའུ་བཞི་ནས་པུའུ7དང་། ཨུ་ཡོན་ལྷན་ཁང3ཐད་གཏོགས་སྒྲིག་གཞི5བཅས་ཀྱི་འགན་ནུས་སྡེ་ཚན15ལ་བསྒྱུར་ཡོད།

2 འགན་ནུས་གཙོ་བོ།

དམག་ཨུ་བཅོས་བསྒྱུར་དང་སྒྲིག་ཁོངས་གཞུང་ལས་ཁང་གིས་གཙོ་བོ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་འཆར་འགོད་དང་མཐུན་སྦྱོར་གྱི་འགན་ནུས་སྒྲུབ་པ་དང་།བཅོས་བསྒྱུར་གལ་ཆེན་ལག་བསྟར་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ།དམག་ཡོངས་ཀྱི་སྒྲིག་ཁོངས་དོ་དམ་སོགས་ཀྱི་ལས་དོན་གྱི་འགན་ནུས་འཁུར་ཡོད།   

དཔྱད་གཞིའི་ཡིག་ཆ།