ལས་གྲྭའི་འགྲོ་གྲོན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-19 08:23ལ་འགྲུབ།

ལས་གྲྭའི་འགྲོ་གྲོན།

ལས་གྲྭའི་འགྲོ་གྲོན།
དེ་ནི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིའི《ལས་གྲྭའི་འགྲོ་གྲོན་གྱི་བརྡ་ཆད་ཚད་གཞི》GB/T50875-2013དང་ལས་གྲྭའི་འགྲོ་གྲོན(Project Costs,PC)ནི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྔོན་དཔག་གམ་ཡང་ན་དངོས་སུ་བཏང་བའི་འཛུགས་སྐྲུན་འགྲོ་གྲོན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程造价
ཕྱི་ཡིག་གི་མིང་།
Project Costs
ནང་དོན་གཙོ་བོ།
ཚོད་རྩིས། སྔོན་རྩིས། བསྡོམས་རྩིས། ངེས་རྩིས་སོགས།
བསླབ་གནས།
དོ་དམ་རིག་པའི་ཤེས་རམས་པ། བཟོ་བ་རིག་པའི་ཤེས་རམས་པ།
1 ​རྒྱབ་ལྗོངས་ངོ་སྤྲོད།

སྤྱི་ལོ2000ལོ་ནས་སྤྱི་ལོ2011ལོའི་བར་ཀྲུང་གོའི་ཨར་སྐྲུན་ལས་རིགས་ཀྱིས་ལེགས་གྲུབ་བྱུང་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་རེ་བཞིན་འཕར་ནས་སྤྱི་ལོ2000ལོའི་སྒོར་དུང་ཕྱུར12497.60ནས་སྤྱི་ལོ2011ལོའི་སྒོར་དུང་ཕྱུར117734.00བར་ཇེ་མང་དུ་ཕྱིན་ནས་དུང་ཕྱུར་ཁྲི10ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་འཕར་ཚད20%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། ས་ཁང་བདག་ཁོངས་དང་དེ་བཞིན“ལྕགས་ཀྱི་རྨང་གཞི”འཛུགས་སྐྲུན་དེ་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པའི་ངོས་ནས་དུས་ཐུང་ནང་སྔར་བཞིན་གལ་འགངས་ཆེ་བའི་ཟིལ་ཤུགས་ལྡན་པ་མ་ཟད། རང་རྒྱལ་གྱི་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་དུས་མཚམས་རེ་རེར་ཁྱབ་རྒྱུ་ཡིན་པས། ལས་གྲྭའི་བཟོ་སྐྲུན་མ་གནས་བློ་འདྲིའི་ལས་རིགས་ལ་སྔར་བཞིན་མདུན་ལམ་ཆེན་པོ་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་མཉམ་གནས་ཡིན་པས་ལས་རིགས་དེ་ཉིད་སྔར་བཞིན་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་རང་ངོས་འཐུས་ཚང་དང་མཐོར་འདེགས་བྱུང་ཡོད་པ་རེད།

རང་རྒྱལ་གྱི་ས་ཁང་བདག་ཁོངས་ཚོང་ར་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དར་རྒྱས་བྱུང་བ་དང་བསྟུན་ནས། ས་གནས་དེ་གའི་ཐོན་ཁུངས་དང་མི་རྩ་དང་སྲིད་ཇུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་ལས་གྲྭའི་མ་གནས་བློ་འདྲི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། དེའི་ལས་སྒོའི་རིགས་རིམ་བཞིན་འཐུས་ཚང་དུ་སོང་བ་དང་ལས་གྲྭའི་རྩད་ཞིབ་ཇུས་འགོད་ནུས་པ་ཆེ་རུ་འཕེལ་བ་ཅུང་མགྱོགས་པས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

ལས་གྲྭའི་མ་གནས་བློ་འདྲི་ཞེས་པ་ནི་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མངགས་བཅོལ་དང་ལེན་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་འགུལ་རྣམ་གྱི་མ་གནས་དོ་དམ་ལ་ཟེར་ཞིང་། དེའི་ནང་ལག་བསྟར་ཐུབ་མིན་གྱི་ཞིབ་འཇུག་དང་། མ་འཇོག་ཚོད་རྩིས། རྣམ་གྲངས་ཀྱི་དཔལ་འབྱོར་གདེང་འཇོག ལས་གྲྭའི་རགས་རྩིས། སྔོན་རྩིས། ལས་གྲྭའི་མཇུག་རྩིས། ལས་གྲྭ་ལས་མཇུག་བསྒྲིལ་བའི་བསྡོམས་རྩིས། ལས་གྲྭའི་འོས་སྐུལ་འོས་གཞིའི་མཐིལ་ཚད། འོས་སྐུལ་གོང་ཚད་བཟོ་བ་དང་ཞིབ་བཤེར། ལས་གྲྭའི་མ་གནས་ལ་ལྟ་སྐུལ་ཚོད་འཛིན་དང་དེ་བཞིན་འབྲེལ་ཡོད་ལས་གྲྭའི་མ་གནས་ཀྱི་ཆ་འཕྲིན་དཔྱད་ཡིག་མཁོ་འདོན་སོགས་ཀྱི་ལས་སྒོ་ཚུད་ཡོད།

འབྲེལ་ཡོད་ཀྱི་ཆེད་ལས་མི་འདྲ་བར་གཞིགས་ནས་ལས་གྲྭའི་བཟོ་སྐྲུན་འགྲོ་གྲོན་བློ་འདྲིའི་ལས་རིགས་ལ་སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་འགྲོ་གྲོན་བློ་འདྲི་དང་། གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་འགྲོ་གྲོན་བློ་འདྲི། གཞུང་ལམ་འཛུགས་སྐྲུན་ལས་གྲྭའི་འགྲོ་གྲོན་བློ་འདྲི། ལྕགས་ལམ་འཛུགས་སྐྲུན་ལས་གྲྭའི་འགྲོ་གྲོན་བློ་འདྲི། གྲོང་ཁྱེར་འགྲིམ་འགྲུལ་འཛུགས་སྐྲུན་ལས་གྲྭའི་འགྲོ་གྲོན་བློ་འདྲི་སོགས་སུ་དབྱེ་ཆོག ལས་གྲྭ་འཛུགས་སྐྲུན་གྱི་དུས་མཚམས་མི་འདྲ་བར་གཞིགས་ནས་ལས་གྲྭ་འཛུགས་སྐྲུན་གྱི་བློ་འདྲི་དེ་དུས་མགོའི་ཐབས་ཇུས་དུས་མཚམས་ཀྱི་བློ་འདྲི་དང་། ལག་བསྟར་དུས་མཚམས་ཀྱི་བློ་འདྲི། བསྡོམས་རྩིས་ཞིབ་བཤེར་དུས་མཚམས་ཀྱི་བློ་འདྲི། བརྒྱུད་རིམ་ཧྲིལ་བོའི་ལས་གྲྭའི་མ་གནས་ཀྱི་བློ་འདྲི། ལས་གྲྭའི་བཟོ་སྐྲུན་གྱི་དཔལ་འབྱོར་རྩོད་གཞི་གསལ་འབྱེད། འདུམ་གཅོད་བློ་འདྲི་སོགས་སུ་དབྱེ་ཆོག

2 གཞི་རྩའི་འགན་ནུས།
2_1 གདེང་འཇོག་འགན་ནུས།

ལས་གྲྭའི་མ་གནས་ནི་མ་འཇོག་བསྡོམས་འབོར་དང་རྣམ་གྲངས་དབྱེ་བའི་མ་འཇོག་ལུགས་མཐུན་རང་བཞིན་དང་མ་འཇོག་ཕན་འབྲས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོའི་གྲས་ཤིག་རེད། ས་ཆའི་རིན་གོང་དང་། ཨར་ལས་སྒྲིག་སྦྱོར་གྱི་ཐོན་རྫས་དང་སྒྲིག་ཆས་ཀྱི་རིན་གོང་ལུགས་མཐུན་རང་བཞིན་ལ་གདེང་འཇོག་བྱེད་སྐབས། ངེས་པར་དུ་ལས་གྲྭའི་བཟོ་སྐྲུན་གྱི་རྒྱུ་ཆ་བེད་སྤྱོད་བྱས་ཏེ། འཛུགས་སྐྲུན་རྣམ་གྲངས་ཀྱི་སྐྱིན་ཚབ་འཇལ་ནུས་དང་། ཁེ་ཕན་ཐོབ་ནུས། སྤྱི་ཁོག་གི་ཕན་འབྲས་བཅས་ལ་གདེང་འཇོག་བྱེད་སྐབས། བཟོ་སྐྲུན་གྱི་འགྲོ་གྲོན་གཞིར་བཟུང་ཆོག ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་ཡང་ཨར་ལས་སྒྲིག་སྦྱོར་ཁེ་ལས་ཀྱི་དོ་དམ་ཆུ་ཚད་དང་གཉེར་སྐྱོང་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།

2_2 སྙོམས་སྒྲིག་འགན་ནུས།

རྒྱལ་ཁབ་ཀྱིས་འཛུགས་སྐྲུན་གྱི་གཞི་ཁྱོན་དང་གྲུབ་ཚུལ་ལ་སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པ་ནི་ཆ་རྐྱེན་གང་ཞིག་གི་འོག་ཏུའང་མེད་དུ་མི་རུང་བ་ཞིག་ཡིན་ལ། སྲིད་གཞུང་གི་མ་དངུལ་འཇོག་པའི་རྣམ་གྲངས་ལ་ཐད་ཀར་སྙོམས་སྒྲིག་དང་དོ་དམ་བྱེད་པ་དེའང་དགོས་ངེས་ཤིག་རེད། དེ་དག་ཚང་མར་བཟོ་སྐྲུན་གྱི་འགྲོ་གྲོན་དེ་དཔལ་འབྱོར་གྱི་བཀན་ཤིང་ལྟ་བུར་བྱས་ནས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཀྱི་དངོས་རྫས་ཟད་གྲོན་གྱི་ཆུ་ཚད་དང་། འཛུགས་སྐྲུན་གྱི་གཞི་ཁྱོན། མ་དངུལ་འཇོག་ཕྱོགས་སོགས་ལ་སྙོམས་སྒྲིག་དང་དོ་དམ་བྱེད་དགོས།

2_3 སྔོན་དཔག་འགན་ནུས།

མ་དངུལ་འཇོག་མཁན་དང་འཛུགས་སྐྲུན་ཚོང་པ་གང་ཡིན་རུང་ཚང་མས་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་ལས་གྲྭ་ལ་སྔོན་ཚུད་ནས་ཚོད་རྩིས་བྱ་དགོས། མ་དངུལ་འཇོག་མཁན་གྱིས་སྔོན་ནས་ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་ཚོད་རྩིས་བྱ་རྒྱུ་དེ་རྣམ་གྲངས་ཇུས་ཐག་གཅོད་པའི་གཞི་འཛིན་ས་བྱེད་ཆོག་པ་མ་ཟད། དུས་མཚུངས་སུ་མ་དངུལ་གྲབས་གསོག་དང་བཟོ་སྐྲུན་གྱི་འགྲོ་གྲོན་ཚོད་འཛིན་བྱེད་པའི་གཞི་འཛིན་ས་ཡང་ཡིན། འགན་གཙང་ལེན་མཁན་ཚོང་པས་ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་ལ་སྔོན་རྩིས་བྱས་པ་དེས་ཚད་བཏོན་སྒྲུབ་འགན་ལེན་རྒྱུའི་ཇུས་ཐག་གཅོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། ཚད་བཏོན་སྒྲུབ་འགན་ལེན་རྒྱུའི་གོང་ཚད་དང་མ་གནས་དོ་དམ་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

2_4 ཚོད་འཛིན་འགན་ནུས།

ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་ཚོད་འཛིན་འགན་ནུས་དེ་ཕྱོགས་གཉིས་ནས་མངོན་ཡོད་དེ། ཕྱོགས་གཅིག་ནི་དེས་མ་དངུལ་གཏོང་བར་ཚོད་འཛིན་བྱེད་པ་སྟེ། མ་དངུལ་གཏོང་བའི་དུས་རིམ་སོ་སོའི་ནང་བཟོ་སྐྲུན་གྱི་འགྲོ་གྲོན་ལ་སྔོན་རྩིས་དང་དཔྱད་དཔོག་ཐེངས་མང་བྱས་པ་གཞིར་བཟུང་ནས་བཟོ་སྐྲུན་གྱི་འགྲོ་གྲོན་ལ་བརྒྱུད་རིམ་ཧྲིལ་བོ་དང་རིམ་པ་མང་བའི་སྒོ་ནས་ཚོད་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འགན་གཙང་ལེན་མཁན་ཚོང་པས་མཚོན་པའི་ཚོང་ཟོག་དང་ངལ་ལས་མཁོ་སྤྲོད་ཁེ་ལས་ཀྱི་མ་གནས་ཚོད་འཛིན་བྱ་རྒྱུ་དེ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། འགྲོ་གྲོན། འཛུགས་སྐྲུན།