ཟླ་བ་བཅུ་གཉིས་ར་འབྲིང་ཐ་གསུམ་གང་ལ་གཏོགས་པ་མཁས་པའི་བཞེད་ཚུལ་མི་འདྲ་བའི་རེའུ་མིགསྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-19 08:23ལ་འགྲུབ།

ཟླ་བ་བཅུ་གཉིས་ར་འབྲིང་ཐ་གསུམ་གང་ལ་གཏོགས་པ་མཁས་པའི་བཞེད་ཚུལ་མི་འདྲ་བའི་རེའུ་མིག

《རྩིས་རིག་ལ་འཇུག་པའི་སྒོ》ལས་བྱུང་བའི་ཟླ་བ་བཅུ་གཉིས་ར་འབྲིང་ཐ་གསུམ་གང་ལ་གཏོགས་པ་མཁས་པའི་བཞེད་ཚུལ་མི་འདྲ་བའི་རེའུ་མིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩིས་རིག་ལ་འཇུག་པའི་སྒོ》དེབ་གཟུགས་ཤ63.17ལས་བཏུས།
རིགས་དབྱེ།
སྒྲ་རིག་པ།
1 རྣམ་གྲངས་འདྲེན་པ།

ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི༎ ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་གཉིས་པ་སྦྲུལ༎ དབྱར་འབྲིང་གསུམ་པ་རྟའི་ཟླ་བ༎ བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ༎ དྲུག་པ་སྟོན་འབྲིང་བྱའི་ཟླ་བ༎ བདུན་པ་སྟོན་ཟླ་ཐ་ཆུང་ཁྱི༎ བརྒྱད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ༎ བཅུ་པ་དགུན་ཐ་གླང་དུ་འདོད༎ ཅེས་འབྱུང་བ་དང་༎ བཻ་དཀར་ཡང་འདི་དང་མཐུན་ནོ༎ བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲངས་དང་བཅས་པ་འདོད། རྩིས་ཀྱི་བསྟན་བཅོས་བཻ་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ༎ ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ༎ དཔྱིད་ཐ་དབྱར་ར་གནམ་ལོའི་མ༎ སྟོན་ཐ་དགུན་ར་གནམ་ལོ་རང་༎ དགུན་འབྲིང་དགུན་ཐ་གནམ་ལོའི་བུ༎ ཞེས་པ་དང་དོན་གཅིག་གོ ། 

བཻ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས། 

དུས་བཞི། དཔྱིད་ཟླ་གསུམ།
དབྱར་ཟླ་གསུམ།
སྟོན་ཟླ་གསུམ།
དགུན་ཟླ་གསུམ། 
ཟླ་གྲངས། 11 12 1 2 3 4 5 6 7 8 9 10
ཟླ་བའི་མིང་།  སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག བྱི་བ། གླང་།
ཉ་སྐར། མགོ རྒྱལ། མཆུ། དབོ། ནག་པ། ས་ག སྣོན།

ཆུ་སྟོད།

གྲོ་བཞིན། ཁྲུམས་སྟོད། དབྱུ་གུ། སྨིན་དྲུག

ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་ལུགས་ཀྱི་ཟླ་བ་བཅུ་གཉིས། 

དུས་བཞི། དཔྱིད་ཟླ་གསུམ།
དབྱར་ཟླ་གསུམ།
སྟོན་ཟླ་གསུམ།
དགུན་ཟླ་གསུམ། 
ཟླ་གྲངས། 12 1 2 3 4 5 6 7 8 9 10 11
ཟླ་བའི་མིང་། སྟག ཡོས། འབྲུག སྦྲུལ། རྟ། ལུག  སྤྲེལ།

བྱ།

ཁྱི། ཕག བྱི་བ། གླང་།
ཉ་སྐར། རྒྱལ། མཆུ། དབོ། ནག་པ། ས་ག སྣྲོན། ཆུ་སྟོད། གྲོ་བཞིན། ཁྲུམས་སྟོད།

དབྱུ་གུ།

སྨིན་དྲུག མགོ

ནག་རྩིས་ཉེར་མཁོ་བུམ་བཟང་ལུགས་ཀྱི་ཟླ་བ་བཅུ་གཉིས།

དུས་བཞི། དཔྱིད་ཟླ་གསུམ།
དབྱར་ཟླ་གསུམ།
སྟོན་ཟླ་གསུམ།
དགུན་ཟླ་གསུམ།
ཟླ་གྲངས། 1 2 3 4 5 6 7 8 9 10 11 12
ཟླ་བའི་མིང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ།  ཁྱི། ཕག བྱི་བ། གླང་།
ཉ་སྐར། མཆུ། དབོ། ནག་པ།  ས་ག  སྣོན ཆུ་སྟོད། གྲོ་བཞིན། ཁྲུམས་སྟོད། དབྱུ་གུ། སྨིན་དྲུག མགོ རྒྱལ།