ཟླ་བ་བཅུ་གཉིས་གང་ལ་དུས་བཞིའི་ར་འབྲིང་ཐ་གསུམ་དང་ལོ་འགྲོས་གང་ཡིན་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog ནས 2022-05-19 08:22ལ་འགྲུབ།
མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ནག་རྩིས་ལས་བྱུང་བ་སྟེ།
1.ཟླ་བ་བཅུ་གཅིག་དཔྱིད་ར་སྟག
2.ཟླ་བ་བཅུ་གཉིས་དཔྱིད་འབྲིང་ཡོས།
3.ཟླ་བ་དང་པོ་དཔྱིད་ཐ་འབྲུག
4.ཟླ་བ་གཉིས་པ་དབྱར་ར་སྦྲུལ།
5.ཟླ་བ་གསུམ་པ་དབྱར་འབྲིང་རྟ།
6.ཟླ་བ་བཞི་པ་དབྱར་ཐ་ལུག
7.ཟླ་བ་ལྔ་པ་སྟོན་ར་སྤྲེལ།
8.ཟླ་བ་དྲུག་པ་སྟོན་འབྲིང་བྱ།
9.ཟླ་བ་བདུན་པ་སྟོན་ཐ་ཁྱི།
10.ཟླ་བ་བརྒྱད་པ་དགུན་ར་ཕག
11.ཟླ་བ་དགུ་པ་དགུན་འབྲིང་བྱི་བ།
12.ཟླ་བ་བཅུ་པ་དགུན་ཐ་གླང་གི་ཟླ་བ་བཅས་སོ༎ དགུན་ཉི་དཔྱིད་ར་སྟག་ལ་ལྡོག ། མགོ་ཡི་ཉ་ན་ཟླ་བཤོལ་མེད༎ དབྱར་ཉི་སྟོན་ར་སྤྲེའུར་ལྡོག ། སྣྲོན་གྱི་ཉ་ན་ཟླ་བཤོལ་མེད༎ ཞིབ་པར་སྒང་བཤོལ་ཚིགས་དང་སྦྱར༎ ཞེས་སོ༎