ཟབ་པ་རྣམ་པ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-19 08:22ལ་འགྲུབ།

ཟབ་པ་རྣམ་པ་བཅུ་གཉིས།

ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བའི་ཟབ་པ་རྣམ་པ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་རི་པ》ཤ40བ2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ།

1.སྐྱེ་བ་དང་། མྱ་ངན་ལས་འདས་པ་དང་། ཕྲིན་ལས་དང་། གནས་ཟབ་པ་ཉིད། 

2.རྣམ་པར་གནས་པ་དང་། གྲངས་དང་། ཕྲིན་ལས་ཟབ་པ་ཉིད། 

3.མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ཉིད། 

4.འདོད་ཆགས་དང་བྲལ་བ་ཟབ་པ་ཉིད། 

5.ཕུང་པོ་སྤངས་པ་ཟབ་པ་ཉིད། 

6.སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཟབ་པ་ཉིད། 

7.མཐོང་བ་ཟབ་པ་ཉིད། 

8.མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ཉིད་དང་། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ཟབ་པ་ཉིད། 

9.བཞུགས་པ་ཟབ་པ་ཉིད། 

10.སྐུ་ཀུན་ཏུ་སྟོན་པ་ཟབ་པ་ཉིད། 

11.ཉོན་མོངས་པ་སྤངས་པ་ཟབ་པ་ཉིད། 

12.བསམ་གྱིས་མི་ཁྱབ་པ་ཟབ་པ་ཉིད་བཅས་སོ༎