ལྦ་ཚྭ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:58ལ་འགྲུབ།

ལྦ་ཚྭ།

ལྦ་ཚྭ།
ལྦ་ཚྭ་ལ་ངོས་འཛིན་མི་འདྲ་བ་འགའ་ཡོད་ཀྱང་དོན་དུ་ལྦ་བ་འཇོམས་ཤིང་འགོག་པའི་ཚྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
碘盐
རིགས་དབྱེ།
གཏེར་དངོས།
1 ​ངོ་སྤྲོད། 

ལྦ་ཚྭ་ལ་ངོས་འཛིན་མི་འདྲ་བ་འགའ་ཡོད་ཀྱང་དོན་དུ་ལྦ་བ་འཇོམས་ཤིང་འགོག་པའི་ཚྭ་ཞིག་ཡིན་དགོས་པས། འདི་ནི་རྒྱ་ནག་སོགས་ནས་ཚྭ་ལ་ཏེན(碘)ཞེས་པའི་རྫས་འགྱུར་ཞིག་བསྲེས་ནས་ལས་བསྣོན་བྱས་པའམ། རང་བྱུང་གིས་ཏེན་འདྲེས་ཚད་ཆེ་བའི་ཚྭ་དཀར་ཏེ། ཁ་དོག་དཀར་པོ་ཁ་བ་བསྒོངས་པ་འདྲ་བ། ཞིབ་ལ་ལན་ཚའི་བྲོ་བ་ཤིན་ཏུ་ཆེ་བ། ཤེལ་ཕྲེང་དུ། སྟོད་ནས་འོང་བའི་བྱེ་མ་ཀ་ར་གོང་བུར་འདྲིལ་བ་འདྲ་བ། ཚྭའི་རོ་ཤིན་ཏུ་དུགས་པ་ཞིག་གོ་ཞེས་གསུངས། འདི་ལ་ལྦ་བ་འཇོམས་པའི་ནུས་པ་མངོན་གསལ་ལྡན་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་པ་ཞིག་ཡིན།