ལྦ་ཚྭ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:59ལ་འགྲུབ།

ལྦ་ཚྭ།

ལྦ་ཚྭ།
ལྦ་ཚྭས་ལྦ་བ་འཇོམས་པར་བྱེད་པའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
碘盐
ཕྱི་ཡིག་གི་མིང་།
Iodized salt
རིགས་དབྱེ།
སྦྱོར་བ་སྨན།
ཕན་ནུས།
ལྦ་ཚྭས་ལྦ་བ་འཇོམས་པར་བྱེད་པའོ༎
1 ངོ་བོ། 

ཚྭ་རིགས་བྱེ་མ་ཀར་ར་གོང་བུ་འདྲིལ་བ་འདྲ་ལ། ཚྭའི་རོ་ཤིན་ཏུ་དུགས་པ་དེ་ཕལ་ཆེར་གྱིས་བྱེད། སི་ཏུ་པཎ་ཆེན་སློབ་བརྒྱུད་བཅས་ཀྱིས་རྒྱ་མཚོའི་འགྲམ་གྱི་ཆུ་རྩ་ནག་ལེབ་ཚྭའི་བྲོ་བ་ཤིན་ཏུ་ཆེ་བ་རྒྱ་ནག་པས་ཧེ་ཧཱེག་ཟེར་བ་དེ་ལ་ངོས་འཛིན་མཛད་ལ་ལྦ་བ་འཇོམ་པའི་ནུས་པའང་ཡོད། གཞན་ཡང་འཇང་གི་ཚྭ་ནག་དང་། ས་ཕུག་དང་བྲག་ངོས་ཀྱི་བ་ཚྭས་ཚབ་རུང་བར་བཤད་དོ༎ 

2 ནུས་པ། 

ལྦ་བ་རྣམས་འཇོམས་པར་བྱེད། རང་བྱུང་རྡོ་རྗེས། ལྦ་ཚྭས་ལྦ་བ་རྨེན་བུར་ཕན༎ འཇང་གི་ཚྭ་ནག་དེ་དང་འདྲ༎ ཞེས་གསུངས། 

བརྡ་འགྲེལ་གདོང་འཛར།

ལྦ་ཚྭ། ལྦ་བ། སྨན་སྦྱོར། ཕན་ནུས།