ཚ་ལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ། ནས 2022-05-18 08:59ལ་འགྲུབ།
འདི་ནི་བོད་རང་སྐྱོང་ལྗོངས་དང་། ཤིན་ཅང་། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ནས་ཀྱང་ཐོན་གྱི་ཡོད། དེ་ཡང་རང་བྱུང་གི་ཚ་ལ་དབྱིབས་ངེས་མེད་ཁ་དོག་སྔོ་སྐྱ་ཕྱི་ངོས་ཕལ་ཆེར་དཀར་སྐྱ། མཁྲེགས་ལ་བཅག་ཁ་འོད་དང་ལྡན་པ། གྲུབ་ཆ་ནིNa2B4O7•10H2Oཡིན་པ་དང་། སྲ་ཚད2~2.5°དང་བསྡུར་ལྗིད་ཁེ1.67~1.7ཡོད་པ། ཆུར་འཇུ་སླ་བ་དང་། ཕྱེ་མར་བཏུལ་ན་དཀར་པོར་འགྱུར་བ། མེར་བསྲེགས་ན་འཇུ་ཞིང་སྦོས་པས་དཀར་སོབ་ཆེ་བར་འཕེལ་བ་དང་། ཞུན་ཁུ་ཤེལ་རིལ་འདྲ་བ་འབབ་པ། མྱང་ན་མངར་ཞིང་ལན་ཚའི་བྲོ་བ་དང་ལྡན་པའོ།། འདིར་དར་ཚུར་སྟེ། རྗེས་འཇུག་ར་མེད་པའི་ད་ཚུར་ཞེས་མཚུར་དཀར་དང་། ཟངས་རྩི་ཞེས་པའི་ལྡུམ་བུ་ཟང་རྩི་དཀར་ནག་བཅས་ལ་མ་ནོར་བར་བྱའོ།།