ཚ་ལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:59ལ་འགྲུབ།

ཚ་ལ།

ཚ་ལ།
ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
硼砂
ཕྱི་ཡིག་གི་མིང་།
Borax
མིང་གཞན།
ཧིངྒུ། དར་ཚུར། ཟངས་རྩི། འཇུ་བྱེད་སོགས་ཟེར།
ཕན་ནུས།
ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད།
1 ངོ་བོ། 

གཏེར་ཁ་ནས་ཐོན་པ་ཁ་དོག་ནག་ཁམ་ཤེལ་ལྟར་དྭངས་ལ་མཁྲེགས་པ། ཕྱི་ལ་བུལ་རྩི་ཆགས་པ་དང་། ཡང་ན་དཀར་ལ་དྭངས་པ་རྩིང་ཧྲོབ་རང་བྱུང་བཅོས་སླད་མ་སོང་བ་གང་ཡང་རོ་མངར་ཞིང་མེ་མ་བསྲེགས་ན་འཇུ་ཞིང་ཁོལ་བ། ལྦུ་བ་དཀར་པོར་བྲ་བོའི་ཡོས་ལྟར་འཕེལ་བ་བཟང་། བྱི་བྲུན་མ་ནི་རྙིང་ནས་ཡལ་སོང་བ་བུལ་ཏོག་འདྲ་བ་དཀར་ཉོབ་མེར་མི་འཇུ་བའམ་འཇུ་ཡང་མི་འཕེལ་བ་ནི་དམན་པའོ༎ 

2 ནུས་པ། 

རྨ་འདྲུབ་ཅིང་ཁྲག་འཇུ་བ་དང་སྦྱོར་བར་ཡང་བྱེད། རང་བྱུང་བས། ཚ་ལ་དཀར་པོས་དྲག་པོར་སྦྱོང་༎ ཞེས་གསུངས།