མཛེ་ཚྭ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 09:05ལ་འགྲུབ།

མཛེ་ཚྭ།

མཛེ་ཚྭ།
བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་གི་བྲག་ཕུག་རླན་གཤེར་ཅན་གྱི་བྲག་གི་གས་སྲུབས་སུ་ཆགས་ཤིང་། ར་དང་རི་དྭགས་མི་ཐར་བའི་ས་ནས་ཚྭ་ཞུན་རྡོག་པོར་བསྒོང་བ་དང་། ལེབ་མོར་ཆགས་པ་སྟེ། ཁ་དོག་སྐྱ་བོ་ཅུང་སོབ་ཅིང་སྙི་བ་དང་། བཅག་འཕྲོའི་དབྱིབས་དང་ཁ་དོག་སོགས་རྒྱ་ཚྭ་འདྲ་བ། མྱང་ན་རོ་ཅུང་ཟད་མངར་ལ་ཕལ་ཆེར་ཟེ་ཚྭའི་བྲོ་བ་འདྲ་ཞིང་ཁར་འཇུ་སླ་བ། མེར་བསྲེགས་ན་སུར་སྒྲ་དང་བཅས་ཁོལ་བ་དང་། ཐལ་བ་དཀར་པོ་འབྱུང་བ་ཞིག་གོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
硼砂(含水芒硝)
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད།

བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་གི་བྲག་ཕུག་རླན་གཤེར་ཅན་གྱི་བྲག་གི་གས་སྲུབས་སུ་ཆགས་ཤིང་། ར་དང་རི་དྭགས་མི་ཐར་བའི་ས་ནས་ཚྭ་ཞུན་རྡོག་པོར་བསྒོང་བ་དང་། ལེབ་མོར་ཆགས་པ་སྟེ། ཁ་དོག་སྐྱ་བོ་ཅུང་སོབ་ཅིང་སྙི་བ་སྲ་ཚད1°ཅན་བཅག་འཕྲོའི་དབྱིབས་དང་ཁ་དོག་སོགས་རྒྱ་ཚྭ་འདྲ་བ། མྱང་ན་རོ་ཅུང་ཟད་མངར་ལ་ཕལ་ཆེར་ཟེ་ཚྭའི་བྲོ་བ་འདྲ་ཞིང་ཁར་འཇུ་སླ་བ། མེར་བསྲེགས་ན་སུར་སྒྲ་དང་བཅས་ཁོལ་བ་དང་། ཐལ་བ་དཀར་པོ་འབྱུང་བ་ཞིག་གོ།། འདི་ལ་ཤེལ་ཕྲེང་དུ། མཆོག་དམན་གཉིས་ལས་མཆོག་ནི་བྲག་ལས་མཚུར་གྱི་ལྦུ་བ་ལྟར་ཆགས་པ་བྱང་ཚྭ་ལྟར་དཀར་ཞིང་དྭངས་ལ་ཚྭ་བྲོ་བའོ།། དམན་པ་ནི་ཡ་བཀྵ་རའི་འོག་ཏུ་ཚྭ་ཞུན་ཆགས་པ་སྐྱ་ལ་སོབ་པ་ལྷད་མེད་པ་སྟེ་ཡ་བཀྵ་ར་རྒས་པའོ།། ཞེས་གསུངས་པས་འདི་དམན་པ་ཡིན་པ་འདྲའོ།།