མཛེ་ཚྭ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 09:05ལ་འགྲུབ།

མཛེ་ཚྭ།

མཛེ་ཚྭ།
མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
皮硝
ཕྱི་ཡིག་གི་མིང་།
mirabilite,  Glauber’ s salt
རིགས་དབྱེ།
སྦྱོར་བ་སྨན་གྱི་རིགས།
ཕན་ནུས།
མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན།
1 ངོ་བོ། 

མཆོག་དམན་གཉིས་ལས་མཆོག་ནི། བྲག་ལ་མཚུར་གྱི་ལྦུ་བ་ལྟར་ཆགས་པ་བྱང་ཚྭ་ལྟར་དཀར་ཞིང་དྭངས་པ་ཚྭ་བྲོ་བའོ༎ དེ་ཉིད་ཡུན་ལོན་ན་སྐྱ་བོ་སོབ་པ་བུལ་ཏོག་འདྲ་བ་ནི་དམན་པ་སྟེ་ཡ་བཀྵ་ར་རྒས་པའོ༎ བརྡ་སྤྲོད་ལས། མཛེ་ཚྭ་ཚ་ལའི་ཕྱེ་མ་འདྲ༎ ཞེས་སོ༎ 

2 ནུས་པ། 

ཁྲག་རྣམས་འཇུ་ཞིང་རྨའི་ཆུ་སེར་འདྲེན་པར་བྱེད། 

བརྡ་འགྲེལ་གདོང་འཛར།

མཛེ་ཚྭ། སྨན་སྦྱོར། ཆུ་སེར། ལྦུ་བ།