ལས་གྲྭའི་ཇུས་འགོད་འགན་ལེན་འཛིན་ཡིག་ལེན་པ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-19 08:22ལ་འགྲུབ།

ལས་གྲྭའི་ཇུས་འགོད་འགན་ལེན་འཛིན་ཡིག་ལེན་པ།

ལས་གྲྭའི་ཇུས་འགོད་འགན་ལེན་འཛིན་ཡིག་ལེན་པ།
དེ་ནི་འོས་སྐུལ་ཚན་པས་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་ལས་གྲྭའི་ཇུས་འགོད་ལས་འགན་ལ་འོས་སྐུལ་སྤྱི་བསྒྲགས་སྤེལ་ནས་ཇུས་འགོད་ཚན་པ་འགྲན་རྩོད་ནང་ཞུགས་པར་ཡིད་དབང་འགུགས་པ་དང་འོས་སྐུལ་རྒྱག་མཁན་ཚན་པས་ཞིབ་བཤེར་བྱས་པ་བརྒྱུད་འོས་སྐུལ་རྒྱག་པའི་ཐོབ་ཐང་དང་མཐུན་པའི་ཇུས་འགོད་ཚན་པས་འོས་སྐུལ་རྒྱག་པའི་ཡིག་ཆའི་བླང་བྱ་གཞིར་བཟུང་སྟེ། གཏན་འབེབས་བྱས་པའི་དུས་ཚོད་ནང་འོས་སྐུལ་རྒྱག་མཁན་ཚན་པར་འོས་སྐུལ་རྒྱག་པའི་ཡིག་ཆ་རེའུ་མིག་བཀོད་ནས་འོས་སྐུལ་རྒྱག་མཁན་ཚན་པར་གཏན་འཁེལ་བྱས་ཏེ་ལས་གྲྭའི་ཇུས་འགོད་ལས་འགན་ལེགས་སྒྲུབ་བྱེད་པའི་བྱེད་སྒོར་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计招投标
ཆ་རྐྱེན།
ཇུས་འགོད་བྱེད་པར་ངེས་པར་དུ་ཡིད་རྟོན་རུང་བའི་ཇུས་འགོད་དཔྱད་ཡིག
རང་བཞིན།
མིང་ཚིག
དོན་སྤྱི།
ཇུས་འགོད་ལས་འགན་འོས་སྐུལ་སྤྱི་བསྒྲགས་སྤེལ་བ།
1 ​ལས་གྲྭའི་ཇུས་འགོད་ཚད་བཏོན་སྒྲུབ་འགན་སྤྲོད་པའི་ཆ་རྐྱེན།

1) ཞིབ་མཆན་འགོད་པའི་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་ཡོད་དགོས་པ།

2) ཇུས་འགོད་སྤེལ་བར་ངེས་པར་དུ་ཡིད་རྟོན་རུང་བའི་ཇུས་འགོད་རྒྱུ་ཆ་ཡོད་དགོས་པ།

3) ཁྲིམས་ལྟར་ཆེད་མངགས་ཀྱི་འོས་སྐུལ་ལས་ཁུངས་བཙུགས་པ་མ་ཟད་འོས་སྐུལ་ཡིག་ཆ་སྒྲིག་བཟོ་དང་འོས་སྐུལ་དཔྱད་བསྡུར་སྒྲིག་འཛུགས་ཀྱི་ནུས་པ་ལྡན་པའམ་ཡང་ན་ཁྲིམས་ལྟར་བཙུགས་པའི་འོས་སྐུལ་ཚབ་བྱེད་ལས་ཁུངས་ལ་མངགས་བཅོལ་བྱད་དགོས།

དཔྱད་གཞིའི་ཡིག་ཆ།