ལས་གྲྭའི་ཇུས་འགོད་བློ་འདྲི།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-18 08:41ལ་འགྲུབ།

ལས་གྲྭའི་ཇུས་འགོད་བློ་འདྲི།

ལས་གྲྭའི་ཇུས་འགོད་བློ་འདྲི།
དེ་ནི་གསར་དར་ཐོན་ལས་ཤིག་ཡིན་པ་དང་། ལས་གྲྭའི་ཇུས་འགོད་ཆེད་མཁས་བློ་འདྲི་བ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་ཞིང་། དུས་རིམ་ཁག་གི་ཇུས་འགོད་བྱེད་རིམ་ནང་གི་འགག་རྩའི་ལག་རྩལ་དཔལ་འབྱོར་གྱི་གནད་དོན་ཐད་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་གྲོས་བསྡུར་བྱས་ཏེ་བློ་འདྲིའི་བསམ་འཆར་འདོན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计咨询
རིགས་དབྱེ།
ལས་གྲྭའི་ཇུས་འགོད།
1 གཞི་རྩའི་གནས་ཚུལ།

འཛུགས་སྐྲུན་ལས་གྲྭའི་བླང་བྱ་གཞིར་བཟུང་ནས“ཚོད་འཛིན་གསུམ(སྤུས་ཚད་དང་། མ་འཇོག ལས་རིམ)དང་། དོ་དམ་གཉིས(ཆ་འཕྲིན་དང་གན་རྒྱ)མཐུན་སྦྱོར་གཅིག”བཅས་ཀྱི་བླང་བྱ་གཞིར་བཟུང་ནས་ཇུས་འགོད་ལས་ཀར་བརྒྱུད་རིམ་ཧྲིལ་བོར(དུས་རིམ་སྔ་མ་དང་། ཇུས་འགོད་དུས་མཚམས། ཨར་ལས་དུས་མཚམས་བཅས)ལྟ་སྐུལ་དང་དོ་དམ་བྱེད་དགོས་པ་མ་ཟད། དུས་མཚམས་ཁག་གི་ཇུས་འགོད་གྲུབ་འབྲས་ཡིག་ཆར་བསྐྱར་ཞིབ་དང་ཞིབ་བཤེར་བྱས་ཏེ་ནོར་འཛོལ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། གྲོས་མགོ་ཇེ་ལེགས་སུ་གཏོང་བ། བློ་འདྲིའི་སྙན་ཞུ་འདོན་པ་བཅས་བྱེད་དགོས།

2 འབྱུང་རྐྱེན།

རྣམ་གྲངས་ཇུས་འགོད་ཚན་པས་དུས་མཚམས་ཁག་གི་ཇུས་འགོད་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཇུས་འགོད་ཚད་གཞི་དང་ས་གནས་ཀྱི་འཆར་འགོད་བླང་བྱ་གཞིར་བཟུང་ནས་རྩད་ཞིབ་ཇུས་འགོད་ཚན་པའི་རྩིག་རྨང་དང་སྤྱིའི་སྙོམས་ངོས་དང་། འཛུགས་སྐྲུན་གྲུབ་ཆ། འཛུགས་སྐྲུན་སྒྲིག་ཆས། མེ་ཟོན་ཇུས་འགོད། འཛུགས་སྐྲུན་མཛེས་ལྗོངས་དང་ཁང་པའི་ནང་གི་ཇུས་འགོད། རིག་ནུས་ཅན་གྱི་མ་ལག་ལས་གྲྭ། སྲིད་གཞུང་སྒྲིག་བཀོད་ལས་གྲྭ་སོགས་ཐད་ཀྱི་ཐོག་མའི་ཇུས་འགོད་དང་ཨར་ལས་དཔེ་རིས་ཇུས་འགོད་ཀྱི་ཇུས་འགོད་ཁྲིད་སྟོན་སྒྲིག་སྲོལ་འདོན་དགོས།

3 བྱེད་ལས།

ཚད་བཏོན་སྒྲུབ་འགན་སྤྲོད་མཁན་གྱིས་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་སྒྲིག་འཛུགས་དང་། ཇུས་འགོད་གྲུབ་འབྲས་ལེགས་གཏོད་རེ་ཞུ་སྒྲིག་འཛུགས། ཞིབ་བསྡུར་དཔྱད་ཞིབ་ཚོགས་འདུ་སྣ་ཚོགས་སྒྲིག་འཛུགས་བཅས་དང་དེ་བཞིན་ཚད་བཏོན་སྒྲུབ་འགན་སྤྲོད་པའི་ཡིག་ཆར་ལག་རྩལ་དང་། དཔལ་འབྱོར་ཞིབ་བཤེར། གན་རྒྱའི་གྲོས་མོལ་ནང་ཞུགས་པ་བཅས་ལ་གཞོགས་འདེགས་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ཇུས་འགོད། བློ་འདྲི།