ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-18 08:40ལ་འགྲུབ།

ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར།

ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར།
དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་སློབ་ཆེན་དང་ཀྲུང་གོ་འཕྲུལ་ཆས་བཟོ་སྐྲུན་རིག་པའི་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ། འཇར་མན་གྱིSpringer-VDIདཔེ་སྐྲུན་ཁང་གིས་གཉེར་རོགས་བྱས་པ། ཀྲེ་ཅང་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་རིག་གཞུང་ཟླ་ཟུང་དུས་དེབ་ཅིག་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计学报
ཕྱི་ཡིག་གི་མིང་།
Chinese Journal of Engineering Design
རིགས་དབྱེ།
རིག་གཞུང་རང་བཞིན་གྱི་རྒྱལ་སྤྱིའི་མཉམ་ལས་ཚན་རྩལ་དུས་དེབ།
གཙོ་སྐྱོང་སྡེ་ཚན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
གཙོ་གཉེར་སྡེ་ཚན།
ཀྲེ་ཅང་སློབ་ཆེན། ཀྲུང་གོའི་འཕྲུལ་ཆས་བཟོ་སྐྲུན་རིག་པའི་སློབ་ཚོགས།
རྩོམ་སྒྲིག་སྡེ་ཚན།
《བཟོ་སྐྲུན་ཇུས་འགོད་རིག་པའི་ཚགས་པར》རྩོམ་སྒྲིག་ཁང་།
བཏོན་དུས།
སྤྱི་ལོ1994ལོ།
1 ​དུས་དེབ་ལོ་རྒྱུས།

སྤྱི་ལོ1994ལོའི་ལོ་མཇུག་ཏུ《ལས་གྲྭའི་ཇུས་འགོད》གསར་དུ་བཏོན་པ་རེད།

སྤྱི་ལོ2001ལོའི་དུས་ཐེངས4པ་ནས་མགོ་བཙུགས་ཏེ《བཟོ་སྐྲུན་ཇུས་འགོད་རིག་པའི་ཚགས་པར》ཞེས་པར་མིང་བསྒྱུར།

སྤྱི་ལོ2003ལོར་དུས་དེབ་དེ་དུས་ཚིགས་ནས་ཟླ་རེའི་དུས་དེབ་ཏུ་བསྒྱུར།

སྤྱི་ལོ2012ལོའི་ཟླ་དང་པོར《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》གྱི་དྲ་ཚིགས་ཤར་གཏོང་ཐུབ་ཡོད།

སྤྱི་ལོ2014ལོའི་ཟླ་བཅུ་གཅིག་པར་དུས་དེབ་དེ་དེ་སྔའི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་རིག་གཞུང་དུས་དེབ་ཁག་དང་པོར་གཏན་འཁེལ་བྱས་པ་རེད།

2 དུས་དེབ་འདོན་གཉེར་ཆ་རྐྱེན།
2_1 ལེ་ཚན་ཁ་ཕྱོགས།

《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》ཐོག་ལས་གྲྭའི་ཇུས་འགོད་ཁྱབ་ཁོངས་དང་དེའི་གསར་དར་སྣོལ་འདྲེས་རིག་ཚན་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་དང་མདུན་སྐྱོད་རང་བཞིན་གྱི་ཆུ་ཚད་མཐོ་བའི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་གི་གྲུབ་འབྲས་དཔྱད་རྩོམ་བཀོད་ནས་ལས་གྲྭའི་ཇུས་འགོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་། ཐེབས་རྩའི་རྣམ་གྲངས་ཀྱི་འཕེལ་རིམ། ཐོན་སློབ་ཞིབ་གསུམ་མཉམ་ལས་ཐོག་ཐོན་རྫས་ཇུས་འགོད་དང་གསར་སྤེལ་བྱས་པའི་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། ནང་དོན་དེ་ཇུས་འགོད་ཀྱི་རིགས་པའི་གཞུང་ལུགས་དང་ཐབས་ཤེས་རིག་པ། མཉམ་སྤྱོད་ཇུས་འགོད། ལྡོག་འཚོལ་ལས་གྲྭ། ཇུས་འགོད་ལེགས་སྒྱུར། རིན་ཐང་འདུ་འགོད། ཞུགས་གྲངས་ཅན་གྱི་འགྱུར་ཚད་ཇུས་འགོད། གདེང་འཇོག་དང་ཐབས་ཇུས། གྲུབ་ཚུལ་འགུལ་རྣམ་དབྱེ་ཞིབ་དང་ཇུས་འགོད། བཟོ་སྐྲུན་ལ་ཁ་ཕྱོགས་པའི་ཇུས་འགོད། ཇུས་འགོད་རིཆེད་མཁས་པའི་མ་ལག་དང་རིག་ནུས་ལས་གྲྭ། ཁ་ཕྱོགས་སྒྲིག་སྦྱོར་དང་ཉམས་གསོའི་ཇུསའགོད། CAD/CAPP/CAMགཞི་གཅིག་ཅན་སོགས་ཀྱི་ཇུས་འགོད་དང་འབྲེལ་ཡོད།

《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》གྱི་ཀློག་པ་པོ་གཙོ་བོ་ནི་ལག་རྩལ་ཐོན་རྫས་སྣ་ཚོགས་ཇུས་འགོད་དང་། གསར་སྤེལ། བཟོ་སྐྲུན་བཅས་ཀྱི་ཞིབ་འཇུག་མི་སྣ་ཡིན།

《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》ཐོག་ཇུས་འགོད་རིགས་པའི་གཞུང་ལུགས་དང་བྱེད་ཐབས་རིག་པ་དང་། ཇུས་འགོད་གསར་གཏོད། སྐྱེ་ཁམས་ཅན་གྱི་ཇུས་འགོད། སྤུས་འབོར་གཉིས་ལྡན་གྱི་ཇུས་འགོད། རིག་ནུས་ཇུས་འགོད། སྡེབ་སྒྲིག་ཅན་དང་མ་ལག་ཅན་གྱི་ཇུས་འགོད། བཟོ་ལས་ཇུས་འགོད། དཔེ་དབྱིབས་བཟོ་བ་དང་དབྱེ་ཞིབ། ལེགས་སྒྱུར། ཐབས་ཇུས་བཅས་བཀོད་སྒྲིག་བྱས་ཡོད།

2_2 མི་སྣའི་སྒྲིག་ཁོངས།

སྤྱི་ལོ2018ལོའི་ཟླ6པར《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》རྩོམ་སྒྲིག་པུའུ་ཡི་གཞུང་ཕྱོགས་དྲ་བའི་ཐོག་མངོན་པར་གཞིགས་ན། 《ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར》རྩོམ་སྒྲིག་པ་ཨུ་ལྷན་ལ་བློ་འདྲི་བ4དང་རྩོམ་སྒྲིག་ཨུ་ལྷན་གྱི་མི27བཅས་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ཇུས་འགོད། ཚགས་པར།