ལས་གྲྭའི་ཇུས་འགོད་རི་མོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-18 08:40ལ་འགྲུབ།

ལས་གྲྭའི་ཇུས་འགོད་རི་མོ།

ལས་གྲྭའི་ཇུས་འགོད་རི་མོ།
ལས་གྲྭའི་ཇུས་འགོད་དཔེ་རིས་ཞེས་པ་ནི་ཐིག་རིས་སྣ་ཚོགས་ལ་བརྟེན་ནས་བཟོས་པ་ཞིག་ལ་ཟེར་ཞིང་། བཟོ་སྐྲུན་ཨར་ལས་ཀྱི་ཇུས་འགོད་ཡིག་ཆ་སྒྲིག་བཟོ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས》དོན་ཚན1.0.3པར། དམངས་སྤྱོད་བཟོ་སྐྲུན་ཨར་ལས་ལ་སྤྱིར་བཏང་དུ་ཇུས་འགོད་དང་ཐོག་མའི་ཇུས་འགོད། ཨར་ལས་དཔེ་རིས་ཇུས་འགོད་བཅས་དུས་རིམ་གསུམ་དུ་དབྱེ་ཆོག་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计图
ཕྱི་ཡིག་གི་མིང་།
engineering design plan
སྤྱོད་ཡུལ།
བཟོ་སྐྲུན་དངོས་པོའི་གཞི་རྩའི་གྲུབ་ཚུལ་དང་བཟོ་དབྱིབས་གསལ་བཤད་བྱེད་པ།
དུས་རིམ།
ཇུས་གཞི་ཇུས་འགོད། ཐོག་མའི་ཇུས་འགོད། ཨར་ལས་དཔེ་རིས་ཇུས་འགོད།
1 ​དུས་རིམ་དབྱེ་འབྱེད།

སྤྱིའི་དཔེ་རིས།འ ཛུགས་སྐྲུན། གྲུབ་ཚུལ། ཆུ་ཕྱིར་འབུད། དྲོད་གཏོང་། གློག་ཤུགས། བཟོ་རྩལ།

དེའི་ནང་གི་བཟོ་རྩལ་གྱི་དཔེ་རིས་ནི་སྤྱིར་བཏང་དུ་བཟོ་ལས་འཛུགས་སྐྲུན་ཇུས་འགོད་ཁྲོད་ཁོ་ནར་ཡོད།

ཆེད་ལས་མི་འདྲ་བའི་དཔེ་རིས་ལ་དབྱེ་ན། དཔེ་རིས་ཀྱི་གཡས་ཟུར་གྱི་རི་མོའི་ནང་གི“དཔེ་རིས”ཞེས་པའི་རེའུ་མིག་ལ་བལྟས་ཆོག

དཔེར་ན། པར་རིས་ནི“འཛུགས་སྐྲུན09”ཡིན་པ་དང་། དེས་འཛུགས་སྐྲུན་ཆེད་ལས་ཀྱི་ཨར་ལས་དཔེ་རིས་དགུ་པ་མཚོན་ཡོད།

“ཐོག་མའི03”ཞེས་པ་དེས་གྲུབ་ཆའི་ཆེད་ལས་ཀྱི་ཐོག་མའི་ཇུས་འགོད་པར་རིས་གསུམ་པ་མཚོན་ཡོད།

2 ཐ་སྙད་ཀྱི་བསྟན་དོན།

སྡེ་ཚན་ཁ་ཤས་ཀྱིས་དབྱིན་ཡིག་གི་གསལ་བྱེད་ཆེད་ལས་མཚོན་གྱིན་ཡོད་ཅིང་། སྤྱིར་བཏང་གི་གོ་དོན་གཤམ་གསལ་ཏེ།

Aའཛུགས་སྐྲུན།

S—གྲུབ་ཚུལ།

M(S)ཆུ་གཏོང་བ།

M(K)—དྲོད་གཏོང་བ།

Eགློག་ཤུགས།

དབྱིན་ཡིག་གི་གསལ་བྱེད་ཀྱིས་ཆེད་ལས་མཚོན་སྐབས། ཇུས་འགོད་ཀྱི་དུས་རིམ་ནི་རི་མོའི་སྟེང་མིང་རྟགས་འགོད་པའི“རི་མོ”ཞེས་པའི་ལེ་ཚན་ནང་དུ་གསལ་བོར་འགོད་དགོས།

ཇུས་གཞིའི་ཇུས་འགོད་ལ་སྤྱིར་བཏང་དུ་ཡིག་སྨར་ཡག་པོ་ཞིག་བཟོས་ཡོད་པ་དང་། སྤྱིའི་ངོས་སྙོམས་དཔེ་རིས་ཁོ་ནར་མིང་རྟགས་བཀོད་པའི་འཆར་གཞི་ཡོད་པ་མ་ཟད། ཇུས་གཞིའི་དུས་མཚམས་སུ་སྤྱིར་བཏང་དུ་འཛུགས་སྐྲུན་ཆེད་ལས་ཀྱིས་རི་མོ་བཏོན་པ་དང་། གྲུབ་ཚུལ་དང་ཆུ། དྲོད། གློག་སོགས་ཆེད་ལས་ཀྱིས་ཇུས་གཞིའི་ཇུས་འགོད་གསལ་བཤད་ཁོ་ན་འབྲི་བ་ལས་དཔེ་རིས་འདོན་མི་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ཇུས་འགོད། དཔེ་རིས།