ལས་གྲྭའི་ཇུས་འགོད་ལས་འགན་ཞུ་ཡིགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-18 08:32ལ་འགྲུབ།

ལས་གྲྭའི་ཇུས་འགོད་ལས་འགན་ཞུ་ཡིག

ལས་གྲྭའི་ཇུས་འགོད་ལས་འགན་ཞུ་ཡིག
དེ་ནི་གཞི་རྩའི་འཛུགས་སྐྲུན་ཁྲོད་ཀྱི་རྒྱུན་སྤྱོད་ཡིག་ཆ་ཞིག་ཡིན་ཞིང་། ཨར་ལས་བཟོ་སྐྲུན་དང་། གྲོང་ཁྱེར་དོ་དམ་གྱི་ལས་གྲྭ། གཞུང་ལམ་ལས་གྲྭ། ཆུ་གློག་ལས་གྲྭ། བཟོ་གྲྭ། མེ་ཤུགས་གློག་འདོན་བཟོ་གྲྭ། གཏེར་རི། ཟམ་པ་བཅས་གསར་སྐྲུན་དང་བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས་སྤྱོད་དགོས་པའི་ལག་རྩལ་ཡིག་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计任务书
ངོ་བོ།
གཞི་རྩའི་འཛུགས་སྐྲུན་ཁྲོད་ཀྱི་རྒྱུན་སྤྱོད་ཡིག་ཆ།
1 ​ལས་འགན་ངོ་སྤྲོད་ཡི་གེ།

ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་ནི་བཟོ་སྐྲུན་ལག་རྩལ་མི་སྣས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དགོས་མཁོ་ལྟར་མངགས་བཅོལ་ཕྱོགས་ཀྱི་རེ་བ་ལྟར་བཟོ་འགོད་བྱས་པའི་འབྲེལ་ཡོད་བཟོ་སྐྲུན་རྣམ་གྲངས་ཀྱི་ལས་འགན་ཞིབ་ཕྲ་དང་། ཇུས་འགོད་དམིགས་འབེན། ཇུས་འགོད་རྩ་དོན། འབྲེལ་ཡོད་ལག་རྩལ་དམིགས་ཚད་ཀྱི་ལག་རྩལ་ཡིག་ཆ་བཅས་ལ་ཟེར།

2 གྲུབ་ཚུལ།

ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་དེ་སྤྱིར་བཏང་ལས་གྲྭའི་ཇུས་འགོད་ཀྱི་གསལ་བཤད་ཡི་གེ་དང་། ཇུས་འགོད་ཀྱི་དཔེ་རིས། རགས་རྩིས་ཡི་གེ་སོགས་ཡིག་ཆ་གསུམ་གྱིས་གྲུབ་པ་དང་། དེའི་སྤྱི་མིང་ལ་ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་ཟེར། ལས་གྲྭའི་ཇུས་འགོད་གསལ་བཤད་ཡི་གེ་ཡང་ཟེར། ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་དེ་སྤྱིར་ན་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་ལག་རྩལ་དང་དཔལ་འབྱོར་ལ་རིགས་པས་ཁུངས་སྐྱེལ་བྱས་རྗེས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་ཤེས་རྟོགས། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་ཕྱོགས་ཁག་གི་ཇུས་འགོད་མི་སྣས་ཐུན་མོང་ཐོག་བཟོ་འགོད་ལེགས་གྲུབ་བྱུང་བ་ཞིག་ཡིན།

3 ཁྱད་ཆོས།

ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་ལ་གཤམ་གྱི་ཁྱད་ཆོས་འདི་དག་ཡོད་དེ།

གཅིག་ནི་ནང་དོན་གྱི་ཚན་རིག་རང་བཞིན་དང་། ལས་འགན་ཡི་གེའི་ནང་གསལ་བཤད་བྱས་པའི་ནང་དོན་ཚང་མར་ཚན་རིག་གི་གཞི་འཛིན་ས་ཡོད་དགོས་པ་དང་། ལས་འགན་ཡི་གེའི་ནང་འབྲེལ་ཡོད་ཆུ་དཔྱད་དང་ས་གཤིས། གནམ་གཤིས། ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་སོགས་ཐད་ཀྱི་ཤེས་བྱ་དང་གཞི་གྲངས་ངེས་པར་དུ་ཡང་དག་དང་། དོན་དངོས་དང་མཐུན་པ། ཚན་རིག་གི་གཞི་འཛིན་ས་ཡོད་པ་བཅས་བྱས་ནས་ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེའི་ནང་དོན་ལ་ཚན་རིག་དང་མཐུན་པའི་རང་བཞིན་ལྡན་པ་བྱེད་དགོས།

གཉིས་ནི་ཡིག་ཆའི་ཆ་ཚང་རང་བཞིན་ཡིན་ཞིང་། ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེས་མཁོ་འདོན་བྱས་པའི་ལས་གྲྭའི་ཇུས་འགོད་ཀྱི་གསལ་བཤད་ཡི་གེ་དང་། ཇུས་འགོད་དཔེ་རིས། རགས་རྩིས་དཔེ་དེབ་བཅས་ཡིག་ཆ་གསུམ་ངེས་པར་དུ་འཐུས་ཚང་ཡིན་དགོས་པ་ལས་གཅིག་ཆད་ནའང་མི་འགྲིགདེའི་ནང་གི་ཇུས་འགོད་གསལ་བཤད་ཡི་གེ་ཆ་ཚང་ཞིང་ཞིབ་ཕྲ་ཡིན་དགོས་པ་དང་། ཇུས་འགོད་དཔེ་རིས་ཆ་ཚང་བ་དང་གསལ་བོ་ཡིན་དགོས་པ། རགས་རྩིས་དཔེ་དེབ་གནད་ལ་འཁེལ་བ་དང་ཞིབ་ཚགས་ཡིན་དགོས།

གསུམ་ནི་ཞིབ་བརྗོད་བྱེད་ཐབས་ཀྱི་སྟབས་བདེའི་རང་བཞིན་ཡིན། དེ་ནི་ཚན་རྩལ་གྱི་གསལ་བཤད་ཡི་གེ་ཞིག་ཡིན་ལ།གསལ་བཤད་དེ་གཞི་རྩའི་མཚོན་སྟངས་སུ་འཛིན་པ་དང་། ཚིག་སྦྱོར་གནད་ལ་འཁེལ་བ་དང་ཆ་ཚང་ཡིན་དགོས།

4 བྱེད་ལས།

ལས་གྲྭའི་ཇུས་འགོད་ལས་འགན་ཡི་གེ་ནི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་དང་འཛུགས་སྐྲུན་ཇུས་གཞི་གཏན་འཁེལ་བྱེད་པའི་གཞི་རྩའི་ཡིག་ཆ་ཞིག་ཡིན་པ་དང་། ཐོན་སྐྱེད་དང་ཨར་ལས་སྡེ་ཚན་གྱིས་ཐོན་སྐྱེད་དང་ཨར་ལས་བྱེད་པའི་གཞི་འཛིན་ས་ཞིག་ཡིན། ལས་གྲྭའི་རྣམ་གྲངས་ལེགས་གྲུབ་བྱུང་རྗེས་སྤུས་ཚད་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚད་གཞི་ཞིག་ཀྱང་ཡིན།

5 ཡིག་ཆའི་གྲུབ་ཚུལ།

ལས་གྲྭའི་ཇུས་འགོད་ལས་འགན་གྱི་ཡིག་ཆའི་རྒྱབ་ཤོག་དང་། ཇུས་འགོད་ཀྱི་གསལ་བཤད་ཡི་གེ། རགས་རྩིས་ཡི་གེ། ལས་གྲྭའི་ཇུས་འགོད་ཀྱི་དཔེ་རིས་དང་ཟུར་བཀོད་ཡིག་ཆ་སོགས་ལས་གྲུབ་པ་ཡིན།

5_1 མདུན་ཤོག

ཇུས་འགོད་རྣམ་གྲངས་ཀྱི་མིང་དང་ཇུས་འགོད་ཨང་གྲངས། ཇུས་འགོད་ཁང་གི་མིང་། ཇུས་འགོད་སྤྱི་ཁྱབ་འགན་འཁུར་བའི་རུས་མིང་དང་ཇུས་འགོད་དུས་ཚོད་བཅས་ཐད་ཀར་གསལ་བོར་འགོད་དགོས།

5_2 ཇུས་བཀོད་གསལ་བཤད།

འཛུགས་སྐྲུན་གྱི་རྒྱ་ཁྱོན་མི་འདྲ་བ་དང་། ལས་གྲྭའི་ངོ་བོ་མི་འདྲ་བ། ལས་གྲྭའི་ཁྱད་ཆོས་མི་འདྲ་བ་བཅས་ཀྱི་རྣམ་གྲངས་ལ་ལས་གྲྭའི་ཇུས་འགོད་ཀྱི་གསལ་བཤད་ཡི་གེའི་ནང་དོན་མི་འདྲ་བ་དང་། བཟོ་ལས་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་འབྲིང་གི་ཇུས་འགོད་གསལ་བཤད་ཡི་གེར་གཤམ་གསལ་གྱི་ནང་དོན་ཚུད་ཆོག་སྟེ།

1.ཇུས་འགོད་ཀྱི་དམིགས་ཡུལ་དང་ཇུས་འགོད་ཀྱི་གཞི་འཛིན་ས། འཛུགས་སྐྲུན་ལས་གྲྭ་དེའི་གཞི་འཛིན་ས་གཙོ་བོ་དང་ཡིག་ཆ་འགོད་དགོས།

2. འཛུགས་སྐྲུན་གྱི་གཞི་ཁྱོན་ཞེས་པ་ནི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཐོན་སྐྱེད་ནུས་པ་དང་བེད་སྤྱོད་ཕན་འབྲས་ལ་ཟེར།

3.བཟོ་ལས་ཀྱི་རྣམ་གྲངས་ལ་ཐོན་རྫས་ཀྱི་གྲུབ་ཚུལ་དང་། བཟོ་རྩལ་གྱི་བརྒྱུད་རིམ། སྒྲིག་ཆས་གཙོ་བོ་འདེམས་སྒྲུག་དང་བཀོད་སྒྲིག་བཅས་གསལ་བཤད་བྱ་དགོས།

4.མ་བཅོས་རྒྱུ་ཆ་དང་སྒུལ་ཤུགས་སྤྱོད་ཚད་དང་ཡོང་ཁུངས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་སྙིགས་རོ་གསུམ་ཐག་གཅོད་བྱས་པའི་གནས་ཚུལ།

5.འཛུགས་སྐྲུན་དངོས་པོ་གཙོ་བོ་དང་རམ་འདེགས་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་དང་མ་དངུལ་བཏང་བའི་སྤྱི་འབོར་བཅས་ཀྱིས་དཔལ་འབྱོར་ལག་རྩལ་གྱི་དམིགས་ཚད་དང་། ཨར་ལས་འཛུགས་སྐྲུན་གྱི་གོ་རིམ་དང་འཛུགས་སྐྲུན་ལས་ཡུན་སོགས་ཀྱི་བླང་བྱ་བཏོན་ཡོད།

5_3 རགས་རྩིས་ཡི་གེ།

རགས་རྩིས་ཡི་གེ་ནི་ལས་གྲྭ་འཛུགས་སྐྲུན་གྱི་འགྲོ་གྲོན་སྔོན་རྩིས་ཡིན་ཞིང་། སྤྱིར་བཏང་རེའུ་མིག་གི་རྣམ་པའི་ཐོག་ནས་ལས་ཡུན་ཁག་གི་འགྲོ་གྲོན་བེད་སྤྱོད་བྱེད་ཚུལ་བཀོད་དེ་འཆར་གཞི་བཀོད་སྒྲིག་དང་མ་དངུལ་འཇོག་པར་ཚོད་འཛིན་བྱེད་ཆེད་ཡིན།

5_4 བཟོ་སྐྲུན་ཇུས་འགོད་དཔེ་རིས།

བཟོ་སྐྲུན་ཇུས་འགོད་ཀྱི་དཔེ་རིས་ཆ་ཚང་ཞིག་ཡོད།

5_5 ཟུར་བཀོད་ཡིག་ཆ།

ལས་གྲྭའི་ཇུས་འགོད་གསལ་བཤད་ཡི་གེའི་ནང་ཚུད་མེད་པའི་འབྲེལ་ཡོད་དཔྱད་ཡིག་དང་མཉམ་ལས་གྲོས་མཐུན། གཙོ་གཉེར་སྡེ་ཚན་གྱི་ཞིབ་བཤེར་བསམ་འཆར་སོགས་ཚུད་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ཇུས་འགོད། ཞུ་ཡིག