ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་སྤྱི་ལོ2007ལོའི་ཟླ3པར《འཛུགས་སྐྲུན་ལས་གྲྭའི་རྩད་ཞིབ་ཇུས་འགོད་དོ་དམ་སྲོལ་ཡིག》དང《འཛུགས་སྐྲུན་ལས་གྲྭའི་རྩད་ཞིབ་ཇུས་འགོད་འོས་ཐོབ་དོ་དམ་གཏན་འབེབས》གཞིར་བཟུང་ནས་བསྐྱར་དུ་བཟོ་བཅོས་བརྒྱབ་པའི《ལས་གྲྭའི་ཇུས་འགོད་འོས་ཐོབ་ཚད་གཞིའི》ཡིག་ཆ་བཏོན་པ་དང་ཡིག་ཆ་དེའི་ནང་ལས་གྲྭའི་ཇུས་འགོད་ཕྱོགས་བསྡུས་ཀ་པ་རིམ་པའི་ཐོབ་ཐང་ཐོག་མར་བཙུགས་པ་དེའི་དམིགས་ཡུལ་ནི་ཇུས་འགོད་ཁེ་ལས་ཆེ་གྲས་ཀྱིས་ལས་གྲྭའི་སྤྱིའི་འགན་གཙང་ལེན་པ་དང་ལས་གྲྭའི་རྣམ་གྲངས་དོ་དམ་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཐོབ་ཐང་དེ་ཐོབ་པའི་ཁེ་ལས་ཀྱིས་ངེས་པར་དུ་བསླབ་པ་རྒན་གཞོན་དང་མཚན་སྙན་དང་། ལག་རྩལ་ཆ་རྐྱེན། ལག་རྩལ་སྒྲིག་ཆས། དོ་དམ་ཆུ་ཚད་སོགས་ཐད་ཀྱི་བླང་བྱ་དང་མཐུན་དགོས། ཐོབ་ཐང་དེ་ཐོབ་རྗེས་ཀྱི་ཇུས་འགོད་ཁང་ཆེ་གྲས་ཀྱིས་རྫས་འགྱུར་བཟོ་ལས་ཀྱི་རྡོ་སྣུམ་རྫས་འགྱུར་སྨན་རྫས་དང་། རྡོ་སྣུམ་རང་བྱུང་སོལ་རླངས། གློག་ཤུགས། ལྕགས་བཞུ། ལྕགས་ལམ། གཞུང་ལམ། གློག་རྡུལ་འཕྲིན་གཏོང་རླུང་འཕྲིན་བརྙན་འཕྲིན། དམངས་སྤྱོད་མཁའ་འགྲུལ། གྲོང་ཁྱེར་དོ་དམ་སོགས་རང་རྒྱལ་གྱི་ལས་གྲྭའི་ཇུས་འགོད་ལས་རིགས་ཀྱི་དབྱེ་འབྱེད་རེའུ་མིག་ནང་གི་ལས་རིགས21གི་ཇུས་འགོད་ལས་སྒོ་དང་ལེན་བྱེད་ཆོག དེ་དང་ཆབས་ཅིག་ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན(ཨར་ལས་ཀྱི་ཆེད་ལས་འགན་གཙང་ལེན་པ)རིམ་པ་དང་པོའི་ཐོབ་ཐང་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ནང་གི་ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན(ཨར་ལས་ཀྱི་ཆེད་ལས་འགན་གཙང་ལེན་པ)གྱི་ལས་སྒོ་ལེན་ཆོག ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་པའི་ཐོབ་ཐང་གིས་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་པ་དང་རྒྱལ་སྤྱིའི་རྣམ་པའི་བཟོ་སྐྲུན་ཀུང་སིར་བར་བརྒལ་བྱེད་པར་ཆ་རྐྱེན་བསྐྲུན་ཡོད།
ལས་གྲྭའི་ཇུས་འགོད་ཕྱོགས་བསྡུས་ཀ་པ་རིམ་པའི་ཐོབ་ཐང་ཞེས་པ་ནི་ལས་རིགས21གི་ཇུས་འགོད་ཐོབ་ཐང་ལ་ཟེར་བ་སྟེ། རྡོ་སོལ་ལས་རིགས་དང་། རྫས་འགྱུར་བཟོ་ལས་རྡོ་སྣུམ་རྫས་འགྱུར་སྨན་རྫས་ལས་རིགས། རྡོ་སྣུམ་རང་བྱུང་སོལ་རླངས(རྒྱ་མཚོའི་རྡོ་སྣུམ)ལས་རིགས། གློག་ཤུགས་ལས་རིགས། ལྕགས་བཞུའི་ལས་རིགས། དམག་དོན་བཟོ་ལས་ལས་རིགས། འཕྲུལ་ཆས་ལས་རིགས། ཚོང་དོན་འབྲུ་རིགས་ལས་རིགས། ཉིང་རྡུལ་བཟོ་ལས་ལས་རིགས། གློག་རྡུལ་འཕྲིན་གཏོང་རླུང་འཕྲིན་སོགས་ཡིན།
ཐོབ་ཐང་འཛིན་ཡིག་གི་ཆོག་འཐུས་ཁྱབ་ཁོངས་ནང་གི་ལས་གྲྭའི་ཇུས་འགོད་ལས་སྒོ་སྒྲུབ་འགན་འཁུར་རྒྱུ་དང་། ཐོབ་ཐང་འཛིན་ཡིག་གི་ཆོག་འཐུས་ཁྱབ་ཁོངས་དང་འཚམ་པའི་འཛུགས་སྐྲུན་ལས་གྲྭའི་སྤྱིའི་འགན་གཙང་ལེན་དང་ལས་གྲྭའི་རྣམ་གྲངས་དོ་དམ། འབྲེལ་ཡོད་ཀྱི་ལག་རྩལ་དང་བློ་འདྲི། དོ་དམ་བཅས་ཀྱི་ཞབས་ཞུའི་ལས་སྒོའི་སྒྲུབ་འགན་འཁུར་རྒྱུ། ལས་སྒོ་སྒྲུབ་འགན་འཁུར་བའི་ས་ཁུལ་ལ་ཚོད་འཛིན་མི་ཐེབས་པར་བྱེད་དགོས།
ལས་གྲྭའི་ཇུས་འགོད་ཕྱོགས་བསྡུས་ཀ་པ་རིམ་པའི་འོས་ཐོབ་ཀྱིས་ལས་རིགས་ཁག་གི་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་ཇུས་འགོད་ལས་སྒོ་སྒྲུབ་འགན་འཁུར་ཆོག་པ་དང་དེའི་གཞི་ཁྱོན་ལ་ཚོད་འཛིན་མི་ཐེབས་པ་བྱེད་དགོས། འོན་ཀྱང་ལས་གྲྭའི་རྣམ་གྲངས་ཀྱི་ཇུས་འགོད་དང་ལེན་བྱེད་སྐབས་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ལས་གྲྭའི་ཇུས་འགོད་འོས་ཐོབ་ཚད་གཞིའི་ནང་ལས་གྲྭའི་རྣམ་གྲངས་དེ་དང་དོ་མཉམ་པའི་ཇུས་འགོད་རིགས་ཀྱིས་མི་སྣ་བཀོད་སྒྲིག་བྱེད་པའི་བླང་བྱ་སྐོང་དགོས།
ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་(ཨར་ལས་ཆེད་ལས་འགན་གཙང་ལེན་པ)རིམ་པ་དང་པོའི་ཐོབ་ཐང་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ནང་གི་ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན(ཨར་ལས་ཆེད་ལས་འགན་གཙང་ལེན་པ)གྱི་ལས་སྒོ་སྒྲུབ་འགན་འཁུར་དགོས།