ལས་གྲྭའི་ཇུས་འགོད་རིག་པའི་ཚད་གཞི།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-17 08:43ལ་འགྲུབ།

ལས་གྲྭའི་ཇུས་འགོད་རིག་པའི་ཚད་གཞི།

ལས་གྲྭའི་ཇུས་འགོད་རིག་པའི་ཚད་གཞི།
དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་འཚམ་ཆེད་《འཛུགས་སྐྲུན་ལས་གྲྭའི་རྩད་ཞིབ་ཇུས་འགོད་དོ་དམ་སྲོལ་ཡིག》དང《འཛུགས་སྐྲུན་ལས་གྲྭའི་རྩད་ཞིབ་ཇུས་བཀོད་འོས་ཐོབ་དོ་དམ་གཏན་འབེབས》གཞིར་བཟུང་ནས་ལས་རིགས་ཁག་གི་ལས་གྲྭའི་ཇུས་འགོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བཟོས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程设计资质标准
རིམ་བསྟར།
ལས་གྲྭའི་ཇུས་འགོད་ཕྱོགས་བསྡུས་ཐོབ་ཐང་།
1 སྤྱིའི་རྩ་དོན་སྒྲིག་སྲོལ།

(གཅིག)ཚད་གཞི་འདིའི་ནང་ལས་རིགས21གི་དེ་མཚུངས་ཀྱི་ལས་གྲྭའི་ཇུས་འགོད་རིགས་དང་། ཆེད་ལས་ལག་རྩལ་མི་སྣ་གཙོ་བོ་བཀོད་སྒྲིག་དང་གཞི་ཁྱོན་དབྱེ་འབྱེད་སོགས་ཀྱི་ནང་དོན་ཚུད་ཡོད། (ཟུར་བཀོད་ཡིག་ཆ1པོར་གསལ། ལས་གྲྭའི་ཇུས་འགོད་ལས་རིགས་དབྱེ་འབྱེད་རེའུ་མིག་དང་། ཟུར་བཀོད་རེའུ་མིག2ལས་རིགས་ཁག་གི་ལས་གྲྭའི་ཇུས་འགོད་ཆེད་ལས་ལག་རྩལ་མི་སྣ་གཙོ་བོའི་སྒྲིག་སྦྱོར་རེའུ་མིག་དང་། ཟུར་བཀོད་ཡིག་ཆ3:ལས་རིགས་ཁག་གི་འཛུགས་སྐྲུན་རྣམ་གྲངས་ཇུས་འགོད་གཞི་ཁྱོན་དབྱེ་འབྱེད་རེའུ་མིག)

(གཉིས)ཚད་གཞི་དེ་རིམ་སྟར་བཞི་ལ་དབྱེ་ཡོད་པ་སྟེ།

1.ལས་གྲྭའི་ཇུས་འགོད་ཕྱོགས་བསྡུས་ཐོབ་ཐང་།

ལས་གྲྭའི་ཇུས་འགོད་ཀྱི་ཕྱོགས་བསྡུས་ཐོབ་ཐང་ཞེས་པ་ནི་ལས་རིགས21ཚུད་པའི་ཇུས་འགོད་འོས་ཐོབ་ལ་ཟེར།

2.ལས་གྲྭའི་ཇུས་འགོད་ལས་རིགས་ཀྱི་ཐོབ་ཐང་།

ལས་གྲྭའི་ཇུས་འགོད་ལས་རིགས་ཀྱི་ཐོབ་ཐང་ཞེས་པ་ནི་ལས་རིགས་ག་གེ་མོའི་ཐོབ་ཐང་ཚད་གཞིའི་ནང་གི་ཇུས་འགོད་རིགས་ཚང་མའི་ཇུས་འགོད་ཐོབ་ཐང་ལ་ཟེར།

3.ལས་གྲྭའི་ཇུས་འགོད་ཆེད་ལས་ཐོབ་ཐང་།

ལས་གྲྭའི་ཇུས་བཀོད་ཆེད་ལས་འོས་ཐོབ་ཞེས་པ་ནི་ལས་རིགས་ག་གེ་མོའི་འོས་ཐོབ་ཚད་གཞིའི་ནང་གི་ཆེད་ལས་ག་གེ་མོའི་ཇུས་བཀོད་འོས་ཐོབ་ལ་ཟེར།

4.ལས་གྲྭ་ཇུས་འགོད་ཀྱི་ཆེད་དོན་ཐོབ་ཐང་།

ལས་གྲྭའི་ཇུས་འགོད་ཀྱི་ཆེད་དམིགས་ཐོབ་ཐང་ཞེས་པ་ནི་ལས་རིགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པ་དང་སྐོང་ཐབས་བྱས་ཏེ་ཐོན་ལས་ཀྱི་ཆེད་དམིགས་ལག་རྩལ་རང་ཚུགས་ཀྱིས་ཇུས་འགོད་དང་དེ་བཞིན་ཇུས་འགོད་དང་ཨར་ལས་གཞི་གཅིག་ཅན་དུ་འགྱུར་བར་དམིགས་ནས་བཙུགས་པའི་ཐོབ་ཐང་ལ་ཟེར།

(གསུམ)ལས་གྲྭའི་ཇུས་འགོད་ཀྱི་ཕྱོགས་བསྡུས་འོས་ཐོབ་ཐད་ཀ་པ་རིམ་པ་ཁོ་ན་བཟོ་རྒྱུ། ལས་གྲྭའི་ཇུས་འགོད་ལས་རིགས་ཀྱི་འོས་ཐོབ་དང་ལས་གྲྭའི་ཇུས་འགོད་ཆེད་ལས་ཀྱི་འོས་ཐོབ་ལ་རིམ་པ་ཀ་པ་དང་ཁ་པ་གཉིས་ཡོད། ལས་རིགས་ཀྱི་དགོས་མཁོར་གཞིགས་ནས་ཨར་སྐྲུན་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་དང་ཆུ་བེད། གློག་ཤུགས(གློག་གཏོང་ཚད་ཚོད་འཛིན་གློག་སྒྱུར)ཞིང་ནགས་དང་གཞུང་ལམ་ལས་རིགས་བཅས་སུ་ལས་གྲྭའི་ཇུས་འགོད་རིམ་པ་ག་པའི་ཐོབ་ཐང་བཙུགས་ཆོག་པ་དང་། ཨར་སྐྲུན་ལས་གྲྭའི་ཇུས་འགོད་ཆེད་ལས་ཀྱི་འོས་ཐོབ་རིམ་པ་བཟོ་དགོས། ཨར་ལས་ལས་རིགས་ཀྱིས་དགོས་མཁོར་གཞིགས་ཏེ་བཟོ་སྐྲུན་ཨར་ལས་ཇུས་འགོད་ལས་གཉེར་ཁང་གི་ཐོབ་ཐང་འཛུགས་རྒྱུ། ལས་གྲྭའི་ཇུས་འགོད་ཀྱི་ཆེད་དོན་ཐོབ་ཐང་དེ་ལས་རིགས་ཀྱི་དགོས་མཁོར་གཞིགས་ནས་རིམ་པ་བཀོད་སྒྲིག་བྱས་ཆོག

(བཞི)ལས་གྲྭའི་ཇུས་འགོད་ཁྱབ་ཁོངས་ནང་ལས་རིགས་དེ་གའི་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་གཙོ་གཟུགས་ལས་གྲྭ་དང་ལེ་ལག་ཚང་བའི་ལས་གྲྭའི(བཟོ་གྲྭ་དང་གཏེར་ཁུལ་ནང་གི་རང་སྒྲིག་གློག་ཁང་དང་། བགྲོད་ལམ། ཆེད་སྤྱོད་ལྕགས་ལམ། འཕྲིན་གཏོང་། སྦུག་དྲ་སྣ་ཚོགས་ཀྱི་གློག་སྐུད་དང་སྒྲིག་བཀོད་ཚང་བའི་འཛུགས་སྐྲུན་དངོས་པོ་སོགས་ལེ་ལག་ཚང་བའི་ལས་གྲྭ་ཚང་མ་ཚུད་ཡོད)དང་དེ་བཞིན་གཙོ་གཟུགས་ལས་གྲྭ་དང་སྒྲིག་བཀོད་ཚང་བའི་ལས་གྲྭའི་འབྲེལ་ཡོད་བཟོ་རྩལ་དང་། ས་ཤིང་། འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་། ས་ཆུ་སྲུང་འཛིན། མེ་ཟོན། འཕྲོད་བསྟེན། ནུས་རྒྱུ་གྲོན་ཆུང་། མེ་འགོག་སོགས་འདུས།

འཛུགས་སྐྲུན་ལས་གྲྭའི་ཇུས་འགོད་ཁྱབ་ཁོངས་སུ་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་འགོད་ཆོག་འཐུས་ལག་ཁྱེར་གྱི་ཁྱབ་ཁོངས་ནང་གི་འཛུགས་སྐྲུན་དངོས་པོའི་ཇུས་འགོད་དང་། ཁང་པའི་ཕྱི་རོལ་གྱི་ལས་གྲྭའི་ཇུས་འགོད། དམངས་སྤྱོད་འཛུགས་སྐྲུན་བསྐྲུན་པའི་ས་འོག་ལས་གྲྭའི་ཇུས་འགོད་དང་སྡོད་ཁང་ཁུལ་ཆུང་། བཟོ་གྲྭའི་མདུན་ཕྱོགས་ཁུལ། བཟོ་གྲྭའི་འཚོ་བའི་ཁུལ། ཁུལ་ཆུང་གི་འཆར་འགོད་དང་ཇུས་འགོད་དང་རྐྱང་པའི་ཇུས་འགོད་སོགས་ཚུད་ཡོད།

(ལྔ)ཚད་གཞི་འདིའི་ནང་ཁེ་ལས་ཀྱི་བསླབ་པ་རྒན་གཞོན་དང་། མཚན་སྙན་དང་། ལག་རྩལ་ཆ་རྐྱེན། ལག་རྩལ་སྒྲིག་ཆས། དོ་དམ་ཆུ་ཚད་བཅས་ལ་དཔྱད་ཞིབ་བྱ་རྒྱུ་བཅས་ཡིན། དེའི་ནང་ལག་རྩལ་ཆ་རྐྱེན་ནང་གི་ཆེད་ལས་ལག་རྩལ་མི་སྣ་གཙོ་བོར་དཔྱད་ཞིབ་བྱ་རྒྱུའི་ནང་དོན་ནི།

1.ཐོ་འགོད་བྱས་ཟིན་ལ་ཐོ་འགོད་ལས་གཉེར་མི་སྣ་བཀོད་སྒྲིག་བྱ་དགོས་པའི་ཆེད་ལས་ཀྱིས་དེའི་ཆེད་ལས་ལག་རྩལ་མི་སྣའི་ཐོ་འགོད་ལས་གཉེར་གྱི་ཐོབ་ཐང་དང་དེ་འབྲེལ་གྱི་ཆེད་ལས་ལ་དཔྱད་ཞིབ་བྱ་རྒྱུ།

ཐོ་འགོད་བྱས་མེད་པ་དང་། ཐོ་འགོད་ལས་གཉེར་གྱི་ཐོབ་ཐང་ལམ་ལུགས་ད་དུང་བཙུགས་མེད་པ། ཐོ་འགོད་བྱས་ཟིན་ཀྱང་ཐོ་འགོད་ལས་གཉེར་གྱི་ཐོབ་ཐང་ཡོད་མི་དགོས་པའི་མི་སྣ(གཤམ་དུ་བསྡུས་མིང་ལ་ཐོ་འགོད་མ་བྱས་པའི་མི་སྣ་ཟེར)བཅས་ཀྱི་ཆེད་ལས་བཀོད་སྒྲིག་བྱས་མེད་ཅིང་། དེའི་ཆེད་ལས་ལག་རྩལ་མི་སྣའི་སློབ་སྦྱོང་བྱེད་སའི་ཆེད་ལས་དང་ལག་རྩལ་གྱི་གོ་མིང་ལ་ཟུར་བཀོད2པའི་ཆེད་ལས་བཀོད་སྒྲིག་བྱེད་སྐབས་གཏན་འབེབས་བྱས་པའི་ཆེད་ལས་ལྟར་དཔྱད་ཞིབ་བྱ་རྒྱུ། ཆེད་ལས་གཙོ་ཁྲིད་བྱེད་མཁན་ཐོ་འགོད་མིན་པའི་མི་སྣས་དེ་མཚུངས་ཀྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས་པ་མ་ཟད། གྲུབ་འབྲས་ཀྱི་དཔང་ཡིག་ཀྱང་སྤྲོད་དགོས།ལས་རིགས་ཁག་གི་གཙོ་ཁྲིད་ཆེད་ལས་ལ་ལས་གྲྭའི་ཇུས་འགོད་ཀྱི་ཆེད་ལས་ལག་རྩལ་མི་སྣ་གཙོ་བོའི་བཀོད་སྒྲིག་རེའུ་མིག་ཡོད་པ་རེད།

(དྲུག)ལས་གྲྭའི་ཇུས་འགོད་ལས་རིགས་ཀྱི་འོས་ཐོབ་གཉིས་ཡན་རེ་ཞུ་བྱེད་སྐབས་ངེས་པར་དུ་ཟུར་བཀོད་ཡིག་ཆ2པའི་ནང་གི་དེ་མཚུངས་ལས་རིགས་ཀྱི་ཆེད་ལས་སྒྲིག་བཀོད་དམ་ཡང་ན་ཐོ་འགོད་ཆེད་ལས་བཀོད་སྒྲིག་བྱེད་དགོས་པ་དང་། དེའི་ཆེད་ལས་གཅིག་མཚུངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གྲངས་འབོར་དེའི་ནང་གི་གྲངས་ཚད་མཐོ་ཤོས་དེ་ཚད་གཞིར་འཛིན་དགོས། ཇུས་འགོད་རིགས་གཉིས་ཡན་གྱི་ལས་གྲྭའི་ཇུས་འགོད་ཆེད་ལས་ཀྱི་ཐོབ་ཐང་ཐོབ་རེ་ཞུ་སྐབས།དུས་མཚུངས་སུ་ཟུར་བཀོད་རེའུ་མིག2ནང་གི་དེ་མཚུངས་ལས་རིགས་ཀྱི་ཇུས་འགོད་རིགས་ཀྱི་ཆེད་ལས་བཀོད་སྒྲིག་གམ་ཐོ་འགོད་ཆེད་ལས་བཀོད་སྒྲིག་དང་། དེའི་ཆེད་ལས་གཅིག་མཚུངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གྲངས་འབོར་དེའི་ནང་གི་མཐོ་ཚད་གཞིར་འཛིན་དགོས།

ལས་གྲྭའི་ཇུས་འགོད་ཀྱི་ཆེད་དོན་འོས་ཐོབ་ཚད་གཞིའི་ཞིབ་ཕྲའི་དཔྱད་ཞིབ་དམིགས་ཚད་དེ་འཛུགས་སྐྲུན་པུས་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་དང་མཉམ་དུ་བཟོ་དགོས།

(བདུན)ལས་གྲྭའི་ཇུས་འགོད་ཀྱི་འོས་ཐོབ་ལྡན་པའི་ཁེ་ལས་ཀྱིས་འོས་ཐོབ་ལག་ཁྱེར་གྱི་ཁྱབ་ཁོངས་ནང་གི་དེ་མཚུངས་ཀྱི་ལས་གྲྭའི་སྤྱིའི་འགན་གཙང་ལེན་དང་། ལས་གྲྭའི་རྣམ་གྲངས་དོ་དམ། འབྲེལ་ཡོད་ཀྱི་ལག་རྩལ་དང་བློ་འདྲི། དོ་དམ་བཅས་ཀྱི་ཞབས་ཞུ་བྱས་ཆོག་པ་བཅས་ཡིན།

(བརྒྱད)ལས་གྲྭའི་ཇུས་འགོད་ཀྱི་ཕྱོགས་བསྡུས་འོས་ཐོབ་ལྡན་པའི་ཁེ་ལས་ཀྱིས་དེ་མཚུངས་ཀྱི་ཨར་སྐྲུན་སྤྱིའི་འགན་གཙང་ལེན(ཆེད་ལས་འགན་གཙང་ལེན)གྱི་རིམ་པ་དང་པོའི་ཐོབ་ཐང་དང་ཐོ་འགོད་བཟོ་སྐྲུན་པ(རྣམ་གྲངས་གཉེར་སྐྱོང་པ)ཡི་མི་སྣར་རེ་བ་བཏོན་རྗེས་ལས་གྲྭའི་ཇུས་འགོད་ཀྱི་ཀ་པ་རིམ་པའི་ལས་རིགས་འོས་ཐོབ(ཆེད་ལས་འོས་ཐོབ)དང་འཚམ་པའི་ཨར་སྐྲུན་སྤྱིའི་འགན་གཙང་ལེན(ཆེད་ལས་འགན་ལེན)གྱི་རིམ་པ་དང་པོའི་འོས་ཐོབ་ལ་ཆོག་མཆན་སྤྲད་ཆོག

(དགུ)ཚད་གཞི་འདིའི་ནང་བརྗོད་པའི་ཆེད་ལས་ལག་རྩལ་མི་སྣ་གཙོ་བོའི་ལོ་ཚད་ནི་ལོ60དང་དེ་མན་ཡིན།

2 ལས་སྒོའི་ཁྱབ་ཁོངས།

ཐོབ་ཐང་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ནང་གི་ལས་གྲྭའི་ཇུས་འགོད་ལས་སྒོ་སྒྲུབ་འགན་འཁུར་རྒྱུ་དང་། ཐོབ་ཐང་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་དང་འཚམ་པའི་འཛུགས་སྐྲུན་ལས་གྲྭའི་སྤྱིའི་འགན་གཙང་ལེན་དང་ལས་གྲྭའི་རྣམ་གྲངས་དོ་དམ། འབྲེལ་ཡོད་ཀྱི་ལག་རྩལ་དང་བློ་འདྲི། དོ་དམ་བཅས་ཀྱི་ཞབས་ཞུའི་ལས་སྒོ་སྒྲུབ་འགན་འཁུར་རྒྱུ། ཇུས་འགོད་ལས་སྒོ་སྒྲུབ་འགན་འཁུར་བའི་ས་ཁུལ་ལ་ཚོད་འཛིན་མི་ཐེབས་པ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ཇུས་འགོད། ཚད་གཞི།