གཅིག་ནི། ཤེས་བྱའི་གྲུབ་ཚུལ་མི་འདྲ་བའི་མིའི་བསམ་གཞིགས་བྱེད་སྟངས་མི་འདྲ་བས། ཁོ་ཚོ་ཕན་ཚུན་ཁ་གསབ་བྱས་ན། བསམ་བློར་གདོང་གཏུག་འབྱུང་སླ་བ་དང་། དེ་ནས་ཐབས་ཤེས་ཡག་ཤོས་ཐོབ་སྲིད།
གཉིས་ནི། གཤིས་ཉམས་ཐད་འཇམ་ཞིང་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ་དཔེར་ན། རྩ་འཛུགས་ཤིག་གི་ཁྲོད་དུ་ཏན་ཏན་ཏིག་ཏིག་གིས“ཁྱིམ་སྐྱོང་རྣམ་པའི་ཤེས་ལྡན་མི་སྣ”ཡོད་དགོས་ལ། གདོང་མཆོང་ཕོད་པའི“དམག་དཔུང་རྣམ་པའི་ཤེས་ལྡན་མི་སྣ”དང་ཐབས་ཇུས་ཇུས་འགོད་བྱེད་པའི“མཐུན་སྦྱོར་རྣམ་པའི་ཤེས་ལྡན་མི་སྣ”ཡང་ཡོད་དགོས།
གསུམ་ནི། རྩ་འཛུགས་ཤིག་གི་ནང་དུ་ནུས་པ་སྣ་ཚོགས་ལྡན་པའི་མི་སྣ་གཅིག་སྡུད་བྱེད་དགོས་ཤིང་། དེའི་ནང་ཚོང་གཉེར་དོ་དམ་བྱེད་མཁས་པའི་མི་ཡོད་ལ། སྤྱི་འབྲེལ་མཐུན་སྦྱོར་བྱེད་མཁས་པའང་ཡོད་པ་དང་། ད་དུང་ཚོང་རའི་ཚོང་གཉེར་དང་སྲིད་འཛིན་མི་དོན་བྱེད་མཁས་པ་སོགས་ཡོད།
བཞི་ནི་ཕོ་མོའི་དབྱེ་བ་གསབ་རེས་བྱེད་པ། བུད་མེད་ཀྱི་ཞིབ་ཚགས་དང་ངང་རྒྱུད་རིང་པོའི་ལེགས་ཆ་འདོན་སྤེལ་བྱེད་པ་མ་ཟད། སྐྱེས་པའི་བློ་གཤོག་ཆེ་ཞིང་བརྟན་པའི་ཕྱོགས་ཀྱང་མངོན་པར་བྱས་ཏེ་རང་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་དགོས།
ལྔ་ནི་ལོ་ན་གསབ་རེས་བྱེད་པ། རྩ་འཛུགས་ཤིག་གི་ཁྲོད་དུ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ཐབས་ཇུས་བརྟན་པོ་ཡོད་པའི་རྒན་རྒོན་ཡོད་དགོས་ལ། སེམས་ཤུགས་ཆེ་ཞིང་ཚོར་སྣང་སྐྱེན་པའི་དར་མ་ཡང་ཡོད་དགོས་པ་མ་ཟད། ད་དུང་གསར་གཏོད་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པའི་གཞོན་ནུ་ཡང་ཡོད་དགོས། ལོ་ན་མི་འདྲ་བའི་མི་ཕན་ཚུན་ཁ་གསབ་བྱས་ན་རྩ་འཛུགས་ཀྱི་ལས་ཆོད་སྔར་ལས་མཐོ་བ་ཡོང་བ་རེད།