ལས་རྨས་ཀྱི་སྐྱིན་ཚབ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-16 10:47ལ་འགྲུབ།

ལས་རྨས་ཀྱི་སྐྱིན་ཚབ།

ལས་རྨས་ཀྱི་སྐྱིན་ཚབ།
དེར་ལས་རྨས་ཀྱི་འགན་བཅོལ་ཐོབ་ཐང་ཡང་ཟེར་ཞིང་། ལས་རྨས་ལས་བཟོ་པ་དང་། ལས་འདས་ལས་བཟོའི་གཉེན་ཉེར་ཁྲིམས་ལྟར་ལོངས་སུ་སྤྱོད་འོས་པའི་གུན་གསབ་རྣམ་གྲངས་དང་ཚད་གཞི་ལ་ཟེར། ལས་རྨས་འགན་བཅོལ་ནང་ཞུགས་མེད་པའི་སྐབས་སུ་མི་སྤྱོད་མཁན་སྡེ་ཚན་གྱི་ལས་བཟོ་པར་ལས་རྨས་བྱུང་ན། མི་སྤྱོད་མཁན་སྡེ་ཚན་གྱིས《ལས་རྨས་འགན་བཅོལ་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་ལས་རྨས་འགན་བཅོལ་ཐོབ་ཐང་རྣམ་གྲངས་དང་ཚད་གཞི་ལྟར་གྲོན་དངུལ་སྤྲོད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工伤事故赔偿
ཕྱི་ཡིག་གི་མིང་།
Compensation for industrial injury
མིང་གཞན།
ལས་རྨས་འགན་བཅོལ་ཐོབ་ཐང་།
1 ​སྤྱི་ལོ2013ལོའི་སྔོན།

1.སྲིད་འཛིན་ཁྲིམས་སྲོལ། ལས་རྨས་འགན་བཅོལ་སྲོལ་ཡིག

2.སྒྲིག་སྲོལ། ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་ཁག་གིས་ལས་རྨས་འགན་བཅོལ་བྱ་ཐབས་ལག་བསྟར་བྱ་རྒྱུ་དང་། ཞིང་ཆེན་ཁག་གི་ཞིང་པ་ལས་མིའི་ལས་རྨས་འགན་བཅོལ་ལག་བསྟར་བྱེད་པའི་གནས་སྐབས་བྱེད་ཐབས་ལག་བསྟར་བྱེད་དགོས།

2 སྤྱི་ལོ2013ལོའི་རྗེས།

《ལས་རྨས་ཉེན་འགོག་སྲོལ་ཡིག》གི་དོན་ཚན་སོ་དགུ་པར། ལས་བཟོ་པ་ལས་ཀའི་ཆེད་དུ་ཚེ་ལས་འདས་ཚེ། དེའི་གཉེན་ཚན་གྱིས་གཤམ་གསལ་གཏན་འབེབས་ལྟར་ལས་རྨས་ཉེན་འགོག་ཐེབས་རྩ་ནས་འདས་པོའི་རྗེས་འཇུག་གི་འགྲོ་སོང་གསབ་དངུལ་དང་། གཉེན་ཉེའི་འཆི་གོད་གྱོང་གསབ། ཐེངས་གཅིག་རང་བཞིན་གྱི་ལས་འདས་ཁ་གསབ་རོགས་དངུལ་བཅས་ལེན་དགོས།

1.དུར་འཇུག་ཁ་གསབ་རོགས་དངུལ། ཟླ་དྲུག་གི་གཅིག་གྱུར་འཆར་འགོད་ས་ཁུལ་གྱི་ལོ་གོང་མའི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཡིན།

2.གཉེན་ཚན་གསོ་བའི་འཆི་གོད་གྱོང་གསབ་དངུལ། ལས་བཟོ་བ་རང་ཉིད་ཀྱི་གླ་ཕོགས་ཀྱི་བསྡུར་ཚད་ངེས་ཅན་ལྟར་གཞུང་དོན་གྱི་ཆེད་དུ་ཤི་བའི་ལས་བཟོ་བ་སྐུ་འཚོ་བཞུགས་སྐབས་འཚོ་བའི་ཡོང་ཁུངས་གཙོ་བོ་དང་ངལ་རྩོལ་ནུས་པ་མེད་པའི་གཉེན་ཉེ་ལ་སྤྲོད་དགོས། དེའི་ཚད་གཞི་ནི་བཟའ་ཟླར་ཟླ་རེར40%དང་། གཉེན་ཉེ་གཞན་དག་མི་རེར་ཟླ་རེར30%རྒན་རྒོན་མི་ཧྲེང་ངམ་ཡང་ན་དྭ་ཕྲུག་མི་རེར་ཟླ་རེར་གོང་གསལ་གྱི་ཚད་གཞིའི་རྨང་གཞིའི་ཐོག10%འཕར་རྒྱུ་བཅས་རེད། གཏན་འབེབས་བྱས་པའི་གཉེན་ཚན་འཚོ་སྐྱོང་གི་འཆི་གོད་གྱོང་གསབ་རོགས་དངུལ་གྱི་བསྡོམས་འབོར་དེ་གཞུང་དོན་དུ་ཤི་བའི་ལས་བཟོ་པ་འཚོ་བཞུགས་སྐབས་ཀྱི་གླ་ཕོགས་ལས་མཐོ་བ་བྱེད་མི་རུང་། གཉེན་ཚན་གསོ་བའི་ཁྱབ་ཁོངས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

3.ཐེངས་གཅིག་རང་བཞིན་གྱི་ལས་འདས་ཁ་གསབ་རོགས་དངུལ། ཚད་གཞི་ནི་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ20ཡིན་པ་རེད། (སྤྱི་ལོ2010ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར19109ཟིན་པ་དང་སྤྱི་ལོ2009ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར17175ཟིན་ཡོད)

རྨས་སྐྱོན་བྱུང་བའི་ལས་བཟོ་བ་ལས་མཚམས་བཞག་ནས་གླ་ཕོགས་སྤྲོད་པའི་དུས་ཡུན་ནང་ལས་རྨས་བྱུང་ནས་ཤི་བ་ཡིན་ན། དེའི་གཉེན་ཚན་གྱིས་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ། རྨས་སྐྱོན་རིམ་པ་དང་པོ་ནས་བཞི་པའི་བར་བྱུང་བའི་ལས་བཟོ་ལས་མཚམས་བཞག་ནས་གླ་ཕོགས་སྤྲོད་པའི་དུས་ཚོད་ཐིམ་རྗེས་ཤི་བ་ཡིན་ན། དེའི་གཉེན་ཉེས་དོན་ཚན་འདིའི་ནང་གསེས་དང་པོའི་ནང་གསེས(དང་པོ)དང(གཉིས་པ)པའི་གཏན་འབེབས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་རྨས། སྐྱིན་ཚབ། སྤྱི་ཚོགས།