ཁ་གསབ་རང་བཞིན་གླ་ཕོགས་ཀྱི་ཁྱད་པར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2022-05-16 10:47ལ་འགྲུབ།

ཁ་གསབ་རང་བཞིན་གླ་ཕོགས་ཀྱི་ཁྱད་པར།

ཁ་གསབ་རང་བཞིན་གླ་ཕོགས་ཀྱི་ཁྱད་པར།
དེ་ནི་དོན་དངོས་ཀྱི་དཔལ་འབྱོར་བྱེད་སྒོའི་ཁྲོད་ནུས་པ་དང་སློབ་གསོ་ཐོབ་ཚད་འདྲ་མཚུངས་ཡིན་པའི་ངལ་རྩོལ་པའི་ལས་ཀ་མི་འདྲ་བ་བསྒྲུབས་ཀྱང་གླ་ཕོགས་ཀྱི་ཁྱད་པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
补偿性工资差别
ཕྱི་ཡིག་གི་མིང་།
Compensating wage differentials
ངོ་བོ།
དོ་དམ་རིག་པ།
སྤྱོད་ཡུལ།
ཁེ་ལས།
1 ​དོན་སྤྱི།

ལས་རིགས་དང་ས་ཁོངས་སྒེར་སྡེམ་གྱི་རྒྱུ་རྐྱེན་ཕྱིར་འབུད་བྱས་ན། ཁྱད་པར་དེ་རིགས་ཆགས་པ་ནི་རྒྱུན་དུ་ལས་ཀའི་ངོ་བོ་དང་ཆ་རྐྱེན་དང་འབྲེལ་བ་ཡོད་དེ།

དཔེར་ན་ལས་ཀ་ཁ་ཤས་ཀྱིས་མི་རྣམས་བློ་བདེ་བག་ཕེབས་དང་། སྤྲོ་སྐྱིད། བདེ་འཇགས་བཅས་ཡོང་བ་བྱེད་ཀྱིན་ཡོད་ཅིང་། ལས་ཀ་ཁ་ཤས་ནི་མི་རྣམས་ལ་སྣ་གཅིག་དང་སྤྲོ་བ་མེད་པའམ་ཡང་ན་བདེ་འཇགས་མིན་པའི་སྣང་བ་སྟེར་གྱིན་ཡོད། ལས་ཀའི་ཁྱད་ཆོས་འདི་དག་ལས་བྱུང་བའི་གླ་ཕོགས་ཀྱི་ཁྱད་པར་ལ་ཁ་གསབ་རང་བཞིན་གྱི་གླ་ཕོགས་ཀྱི་ཁྱད་པར་ཟེར།

2 གྲུབ་རྐྱེན།

ཁ་གསབ་རང་བཞིན་གྱི་གླ་ཕོགས་ཁྱད་པར་གྲུབ་པའི་རྒྱུ་རྐྱེན།

1.ངལ་རྩོལ་ལམ་ཡང་ན་ལས་ཀའི་ཆ་རྐྱེན་ཞན་པ་དང་གནོད་འཚེ་གཏོང་བའི་ཉེན་ཁ་སྟེ། དཔེར་ན་དཀའ་སྡུག་ཆེ་བ་དང་། བཙོག་པ། ཐང་ཆད་པ། ཉེན་ཁ་ཆེ་བ། སྤྲོ་བ་མེད་པ། དྲོད་ཚད། བརླན་ཚད། འཛེར་སྒྲ་སོགས་ཡིན།

ལས་རིགས་ཀྱི་སྤྱི་ཚོགས་སྙན་གྲགས་དང་སྤྱི་ཚོགས་ཀྱི་གདེང་འཇོག

3.ལས་རིགས་དང་ཡོང་འབབ་ཀྱི་བརྟན་འཇགས་རང་བཞིན།

དེ་དག་ལ་འབྲེལ་བ་ཡོད་ཕྱིན།

1.ལས་ཀའི་ཁོར་ཡུག་ཞན་པ།

2.དབང་རྩ་གྲིམ་འཁུམ་བྱུང་བ།

3.ཉེན་ཁ་དང་འགན་འཁྲི་ཆེ་བ།

4.བྱ་བའི་སྤྲོ་སྣང་ཧ་ཅང་ཆུང་བ།

5.རང་བདག་གི་རང་བཞིན་མེད་པ།

6.སྤྱི་ཚོགས་ཀྱི་གོ་གནས་དམའ་བ།

7.གཏན་འཇགས་རང་བཞིན་ཞན་པ་སོགས་ཀྱི་ལས་ཀ

ཚང་མས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁ་གསབ་རང་བཞིན་གྱི་གླ་ཕོགས་ཀྱི་ཁྱད་པར་འདོན་སྤྲོད་བྱེད་དགོས་པ་དང་། རྒྱུ་རྐྱེན་དེ་ལས་བྱུང་བའི་བྱ་བར་གཡོལ་བའི་ཞེན་པ་ལོག་པའི་བསམ་ཚུལ་དོ་མཉམ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁ་གསབ། གླ་ཕོགས། ཁྱད་པར།