བསྙེན་པར་རྫོགས་ཚུལ་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-16 10:21ལ་འགྲུབ།

བསྙེན་པར་རྫོགས་ཚུལ་བཅུ་གཅིག

《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ལས་བྱུང་བའི་བསྙེན་པར་རྫོགས་ཚུལ་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ487.3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

སོ་ཐར་རིགས་བརྒྱད་ལས་བསྙེན་པར་རྫོགས་ཚུལ་བྱེ་བྲག་ཏུ་བཤད་པ་ནི་སྔོན་ཆོག་བཏགས་པ་བ་དགུ་དང་། སྔོན་ཆོག་དངོས་གནས་པ་གཅིག དར་ཆོག་ཉེས་མེད་ཕུན་ཚོགས་བཅས་ཏེ།

1.སངས་རྒྱས་རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས་པ།

2.རང་སངས་རྒྱས་མཁན་སློབ་མེད་པར་རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས་པ།

3.འཁོར་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ཆུད་ཀྱི་སྒོ་ནས་བསྙེན་པར་རྫོགས་པ།

4.བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་འགྲོ་ཁས་བླངས་པའི་སྒོ་ནས་བསྙེན་པར་རྫོགས་པ།

5.ཚེ་དང་ལྡན་པ་ཆར་ལྡན་ནམ་ལེགས་བྱིན་དྲི་བས་མཉེས་པའི་སྒོ་ནས་བསྙེན་པར་རྫོགས་པ།

6.མཆོག་ཟུང་རྣམ་གཉིས་དང་གྲགས་པ་སོགས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ། 

7.འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པའི་སྒོ་ནས་བསྙེན་པར་རྫོགས་པ།

8.སངས་རྒྱས་མའི་སྤུན་ཟླ་སྐྱེ་དགུའི་བདག་མོ་དང་བུད་མེད་ལྔ་བརྒྱ་ལྕི་བའི་ཆོས་བརྒྱད་ཁས་བླངས་པའི་སྒོ་ནས་བསྙེན་པར་རྫོགས་པ།

9.བུ་མོ་ཆོས་སྦྱིན་མ་ཨུཏྤལའི་མདོག་ཅན་གྱིས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ།

10.རྒྱུད་སྨིན་པ། ཤེས་རབ་སྨིན་པ། དབང་པོ་སྨིན་པ་གསུམ་ཤས་ཆེ་ཞིང་། རྣམ་སྨིན་གྱི་སྒྲིབ་པ། ལས་ཀྱི་སྒྲིབ་པ། ཉོན་མོངས་ཀྱི་སྒྲིབ་པ་གསུམ་ཤས་ཆུང་བ་ལ་སྟོན་པ་སངས་རྒྱས་ནས་ལོ་ལྔ་ཚུན་ཆད་དུ་བྱེད་པར་གནང་ཞིང་། དེ་ཕན་ཆད་དུ་བྱེད་པར་མ་གནང་བ། དེ་ཡང་མཁན་སློབ་སོགས་མི་དགོས་ཤིང་དགེ་གཉེན་དགེ་ཚུལ་སོགས་ཀྱི་སྡོམ་པ་སྔོན་དུ་འགྲོ་མི་དགོས་པར་ཁྱིམ་པ་སྐྱ་བོས་དགེ་སློང་གི་རྟགས་ཆ་ལུགས་སོགས་བྱས་ཏེ། དགེ་འདུན་ཚོགས་པའི་གྲལ་གཤམ་ནས་ཕྱག་འཚལ་ཏེ། གསོལ་བཞིའི་སྒོ་ནས་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་ཐོབ་པ་སྔོན་ཆོག་གི་སྒོ་ནས་བསྙེནཔར་རྫོགས་པ།

11.མཐའ་འཁོབ་ཏུ་ལྔ་ཚོགས་ཀྱི་སྒོ་ནས་དང་། ཡུལ་དབུས་སུ་བཅུ་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པའི་ད་ལྟར་གྱི་ཆོ་ག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པ་དང་བཅུ་གཅིག་གོ། ཉེས་མེད་ཕུན་ཚོགས་མ་ཡིན་པ་དགེ་ཚུལ་སྔོན་ལ་མ་སོང་བ་ཁྱིམ་པ་དགེ་སློང་སྒྲུབ་པ་ཆིག་རྫོགས་ཞེས་བོད་རྣམས་ཀྱིས་ཟེར་རོ༎