ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2022-04-29 09:30ལ་འགྲུབ།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།
རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་། རྒྱལ་སྤྱིའི་རྔམ་སྟོན་ཁྲོམ་སྐོར་ཉིན་མོ་ཡང་ཟེར་ཞིང་། དེ་ནི་འཛམ་གླིང་གི་རྒྱལ་ཁབ80ལྷག་ཙམ་གྱི་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ལ། ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ཉིན་གཏན་འཁེལ་བྱས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ངལ་རྩོལ་མི་དམངས་ཐུན་མོང་ལ་དབང་བའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五一国际劳动节
ཕྱི་ཡིག་གི་མིང་།
International Workers' Day
མིང་གཞན།
རྒྱལ་སྤྱིའི་རྔམ་སྟོན་ཁྲོམ་སྐོར་ཉིན་མོ།
དུས་ཚོད།
ལོ་རེའི་ཟླ5བའི་ཚེས1ཉིན།
རིགས་དབྱེ།
རྒྱལ་སྤྱིའི་དུས་ཆེན།
གཏན་ཁེལ་བྱེད་ཡུལ།
པ་ལི།
གསར་འཛུགས་ལས་ཁུངས།
རྒྱལ་སྤྱི་གཉིས་པ།
གཏན་ཁེལ་དུས།
སྤྱི་ལོ1980ལོ།
1 ​ངོ་སྤྲོད།

རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་། རྒྱལ་སྤྱིའི་རྔམ་སྟོན་ཁྲོམ་སྐོར་ཉིན་མོ་ཡང་ཟེར་ཞིང་། དེ་ནི་འཛམ་གླིང་གི་རྒྱལ་ཁབ80ལྷག་ཙམ་གྱི་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ལ། ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ཉིན་གཏན་འཁེལ་བྱས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ངལ་རྩོལ་མི་དམངས་ཐུན་མོང་ལ་དབང་བའི་དུས་ཆེན་ཞིག་ཡིན།

སྤྱི་ལོ1889ལོའི་ཟླ7པར་ཨེན་ཀེ་སིས་མགོ་ཁྲིད་གནང་བའི་རྒྱལ་སྤྱི་གཉིས་པས་པ་ལི་རུ་འཐུས་མི་ཚོགས་ཆེན་འཚོགས་ཤིང་། གྲོས་ཚོགས་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། སྤྱི་ལོ1890ལོའི་ཟླ5བའི་ཚེས1ཉིན་རྒྱལ་སྤྱིའི་ངལ་རྩོལ་པས་ཁྲོམ་སྐོར་བྱེད་པར་གཏན་འཁེལ་བྱས་པ་མ་ཟད། ཟླ5བའི་ཚེས1ཉིན་དེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་གཏན་འཁེལ་བྱས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་སྤྱི་ཁྱབ་ཁང་གིས་སྤྱི་ལོ1949ལོའི་ཟླ12པར་ཟླ5བའི་ཚེས1ཉིན་ངལ་རྩོལ་དུས་ཆེན་དུ་གཏན་འཁེལ་བྱས། སྤྱི་ལོ1989ལོའི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་རྩའི་ཐོག་ལོ་ལྔ་རེར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་ཐེངས་རེ་བྱེད་པ་དང་། ཐེངས་རེར་མི3000ཡས་མས་ལ་གཟེངས་བསྟོད་བྱེད་ཀྱིན་ཡོད།      

2 ལོ་རྒྱུས་འཕེལ་རིམ།                                                 

དུས་རབས19བར་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁབ་མང་པོ་ཞིག་རིམ་བཞིན་མ་རྩ་རིང་ལུགས་ནས་བཙན་རྒྱལ་རིང་ལུགས་ཀྱི་དུས་རིམ་དུ་འཕེལ་རྒྱས་བྱུང་བ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རིན་ཐང་ལྷག་མ་སྔར་ལས་མང་བ་ལེན་པའི་ཆེད་དང་། མྱུར་ཚད་མགྱོགས་པའི་འཁོར་སྐྱོད་བྱེད་པའི་མ་རྩ་རིང་ལུགས་ཀྱི་འཕྲུལ་འཁོར་འདི་སྲུང་སྐྱོང་བྱེད་ཆེད། མ་རྩ་ཅན་གྱིས་རྒྱུན་ཆད་མེད་པར་ངལ་རྩོལ་གྱི་དུས་ཚོད་དང་ངལ་རྩོལ་གྱི་དཀའ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་སྤྱད་དེ་བཟོ་བར་གདུག་རྩུབ་ཆེན་པོས་བཤུ་གཞོག་བྱས།  


སྤྱི་ལོ1866ལོར་རྒྱལ་སྤྱི་དང་པོའི་རུ་ནེ་ཝའི་གྲོས་ཚོགས་ཐོག་ལས་ཡུན་ཆུ་ཚོད་བརྒྱད་ཀྱི་ལམ་ལུགས་ཞེས་པའི་འབོད།

སྤྱི་ལོ1877ལོར་ཨ་རིའི་ལོ་རྒྱུས་ཐོག་ཐེངས་དང་པོར་རྒྱལ་ཡོངས་ཀྱི་ལས་མཚམས་བཞག་པ་དང་། བཟོ་བ་གྲལ་རིམ་གྱིས་སྲང་ལམ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྲིད་གཞུང་ལ་ངལ་རྩོལ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། ལས་ཡུན་ཇེ་ཐུང་དུ་གཏོང་བ། ལས་ཡུན་ཆུ་ཚོད་བརྒྱད་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་བཅས་ཀྱི་རེ་བ་བཏོན། ལས་མཚམས་བཞག་ནས་ཅང་མ་འགོར་བར་དམག་དཔུང་ཉིན་རེ་བཞིན་རྒྱ་བསྐྱེད་པ་དང་། བཟོ་ཚོགས་ཀྱི་ཚོགས་མིའི་མི་གྲངས་ཇེ་མང་དུ་སོང་ཞིང་། ས་གནས་སོ་སོའི་བཟོ་བ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ལས་མཚམས་འཇོག་པའི་ལས་འགུལ་ལ་ཞུགས།


སྤྱི་ལོ1884ལོའི་ཟླ10བར་ཨ་རི་དང་ཁ་ན་ཏའི་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་བཟོ་བའི་ཚོགས་པ་བརྒྱད་ཀྱིས་ཨ་རིའི་ཀྲི་ཅ་ཀོ་རུ་འདུ་འཛོམས་ཤིག་སྤེལ་ཞིང་། སྤྱི་ལོ1886ལོའི་ཟླ5བའི་ཚེས1ཉིན་སྤྱིའི་ལས་མཚམས་འཇོག་རྒྱུ་ཐག་བཅད་པས་མ་རྩ་ཅན་གྱིས་ཆུ་ཚོད་བརྒྱད་ཀྱི་ལས་ཀའི་ལམ་ལུགས་ལག་བསྟར་མི་བྱེད་ཀ་མེད་བྱུང་།

སྤྱི་ལོ1886ལོའི་ཟླ5བའི་ཚེས1ཉིན་ཨ་རིའི་ཁེ་ལས་ཁྲི2ལྷག་གི་བཟོ་བ་ཁྲི35ལས་མཚམས་བཞག་ནས་ཁྲོམ་དུ་སོང་སྟེ། རྔམ་སྟོན་ཁྲོམ་སྐོར་ཆེན་པོ་བྱས་པ་དང་། རིགས་སོ་སོའི་མི་རིགས་དང་ལས་རིགས་སོ་སོའི་བཟོ་བས་མཉམ་དུ་ལས་མཚམས་བཞག

སྤྱི་ལོ1889ལོའི་ཟླ7པར་ཨེན་ཀེ་སིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་རྒྱལ་སྤྱི་གཉིས་པ་དབུ་བརྙེས་པའི་ཚོགས་ཆེན་ཐོག་ལོ་རེའི་ཟླ5བའི་ཚེས1ཉིན་དེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས། 

སྤྱི་ལོ1889ལོའི་ཟླ7པའི་ཚེས14ཉིན་རྒྱལ་ཁབ་ཁག་གི་མར་ཁེ་སི་རིང་ལུགས་པས་བསྡུས་པའི་སྤྱི་ཚོགས་རིང་ལུགས་པའི་འཐུས་མི་ཚོགས་ཆེན་དེ་ཧྥ་རན་སིའི་པ་ལིར་གཟབ་རྒྱས་ངང་ཚོགས་མགོ་ཚུགས་པ་དང་། ཚོགས་ཐོག་ཏུ་ཚོགས་པའི་འཐུས་མི་རྣམས་ཀྱིས་ཟླ5བའི་ཚེས1ཉིན་དེ་རྒྱལ་སྤྱིའི་འབྱོར་མེད་གྲལ་རིམ་གྱི་ཐུན་མོང་གི་དུས་ཆེན་ཞིག་ཏུ་གཏན་འཁེལ་བྱེད་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས། ཐག་གཅོད་འདི་ལ་འཛམ་གླིང་རྒྱལ་ཁབ་སོ་སོའི་བཟོ་བས་ཧུར་ཐག་གིས་དང་ལེན་བྱས།

སྤྱི་ལོ1890ལོའི་ཟླ5བའི་ཚེས1ཉིན་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་སོ་སོའི་བཟོ་བའི་གྲལ་རིམ་སྔོན་ལ་སྲང་ལམ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་དང་འདུ་ཚོགས་གཟབ་རྒྱས་ཤིག་སྤེལ་ཏེ་ཁྲིམས་མཐུན་གྱི་ཁེ་དབང་བརྩོན་ལེན་བྱས། དུས་དེ་ནས་བཟུང་ཉིན་རེ་རེར་འཛམ་གླིང་རྒྱལ་ཁབ་ཁག་གི་ངལ་རྩོལ་མི་དམངས་རྣམས་འདུ་འཛོམས་དང་ཁྲོམ་སྐོར་བྱས་ནས་རྟེན་འབྲེལ་ཞུ་བ་དང་མང་ཚོགས་ལ་གནང་བ་སྟེར་བ་ཡིན།

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་སྤྱི་ཁྱབ་ཁང་གིས་སྤྱི་ལོ1949ལོའི་ཟླ12པའི་ཚེས1ཉིན་དེ་ཁྲིམས་བཀོད་ངལ་རྩོལ་དུས་ཆེན་ལ་གཏན་ཁེལ་བྱས། 

3 ཁྲིམས་བཀོད་དུས་ཆེན།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་སྤྱི་ཁྱབ་ཁང་གིས་སྤྱི་ལོ1949ལོའི་ཟླ12པའི་ཚེས1ཉིན་དེ་ཁྲིམས་བཀོད་ངལ་རྩོལ་དུས་ཆེན་ལ་གཏན་འཁེལ་བྱས་ཤིང་། རྒྱལ་ཡོངས་སུ་ཉིན་གཅིག་ལ་གནང་བ་བྱིན། ལོ་རེའི་ཉིན་དེར་རྒྱལ་ཡོངས་ཀྱིས་དགའ་སྟོན་རྟེན་འབྲེལ་བྱེད་པ་དང་། མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་སྤྲོའི་ངང་ནས་སྤྱི་གླིང་དང་། ཟློས་གར་ཁང་། ཐང་ཆེན་བཅས་སུ་འཛོམས་ནས་རྟེན་འབྲེལ་གྱི་འདུ་ཚོགས་དང་རིག་རྩལ་རོལ་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་མ་ཟད། བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ངལ་རྩོལ་པར་གཟེངས་བསྟོད་ཀྱང་བྱེད་ཀྱིན་ཡོད།

སྤྱི་ལོ1999ལོའི་ཟླ9བའི་ཚེས18ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་རྒྱག་ཐབས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་སྤྱི་ལོ1949ལོའི་ཟླ12པའི་ཚེས23ཉིན་ཀྲུང་གོའི་སྲིད་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་མོར་གནང་བའི་གུང་གསེང་གི་བྱ་ཐབས》ལ་བཟོ་བཅོས་ཐེངས་དང་པོ་བརྒྱབ་ཅིང་། ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་། “ལྔ་གཅིག”དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་ཐོག་རྒྱལ་ཡོངས་སུ་ངལ་གསོ་ཉིན་བདུན་ཡོད།

སྤྱི་ལོ2007ལོའི་ཟླ12པའི་ཚེས14ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་གཉིས་པར《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་བའི་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་སྟེ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་གཏོང་བའི་དུས་ཚོད་དེ་ལུགས་རྙིང་ལོ་གསར་ཚེས་གཅིག་ཉིན་ནས་གནམ་གང་ལ་ལེགས་སྒྲིག་བྱས་པ་དང་། “ལྔ་གཅིག”ཉིན7ནས་ཉིན3ལ་ལེགས་སྒྲིག་བྱས་ནས་ཉིན4ཉུང་དུ་གཏོང་རྒྱུ། འདས་མཆོད་དུས་ཚིགས་དང་། ལྔ་བའི་ཚེས་ལྔ། བརྒྱད་པའི་བཅོ་ལྔའི་དུས་ཆེན་བཅས་སུ་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་དུ་ཁ་སྣོན་བྱས་ནས་སོ་སོར་ཉིན་གསུམ་ལ་གནང་བ་གཏོང་དགོས། ལྔ་གཅིག་རྫོགས་ལྡན་གཟའ་འཁོར་ཡང་ལོ་རྒྱུས་སུ་འགྱུར་ངེས་ཡིན་ལ། སྤྱི་ལོ2008ལོ་ནས་བཟུང་ལྔ་གཅིག་རྫོགས་ལྡན་གཟའ་འཁོར་དེ་ལྔ་གཅིག་ཉིན་གསུམ་གྱི་གུང་གསེང་རིང་ལ་གྱུར།   


《〈རྒྱལ་ཡོངས་ཀྱི་ལོའི་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》གཞིར་བཟུང་། སྤྱི་ལོ2008ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། ཟླ5བའི་ཚེས1ནས3བར་གུང་གསེང་གཏོང་རྒྱུ་དང་ཁྱོན་ཉིན3ཡོད། དེའི་ནང་ཟླ5བའི་ཚེས1ཉིན་ནི་ཁྲིམས་བཀོད་དུས་ཆེན་གྱི་གུང་གསེང་ཡིན་པ་དང་། ཟླ5བའི་ཚེས3ཉིན(གཟའ་སྤེན་པ)ནི་སྤྱིའི་ངལ་གསོའི་ཉིན་མོ་ཡིན་པ། ཟླ5བའི་ཚེས4ཉིན(གཟའ་ཉི་མ)གྱི་ངལ་གསོའི་ཉིན་མོ་དེ་ཟླ5བའི་ཚེས2ཉིན(གཟའ་པ་སངས་ཉིན)བར་ཡིན། ཟླ5བའི་ཚེས4ཉིན(གཟའ་ཉི་མ)ལས་ཀར་འགྲོ་དགོས།


《རྒྱལ་ཡོངས་ཀྱི་ལོའི་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་བའི་བྱེད་ཐབས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ་གཞིར་བཟུང་། སྤྱི་ལོ2009ལོའི“ལྔ་གཅིག”གུང་གསེང་གཏོང་རྒྱུ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་སྟེ། ཟླ5བའི་ཚེས1ནས3ཉིན་བར་གུང་གསེང་གཏོང་རྒྱུ་དང་ཁྱོན་ཉིན3ཡོད། དེའི་ནང་ཟླ5བའི་ཚེས1ཉིན(གཟའ་པ་སངས་ཉིན)ནི་ཁྲིམས་བཀོད་དུས་ཆེན་གྱི་གནང་བ་ཡིན་པ་དང་། ཟླ5བའི་ཚེས2ཉིན(གཟའ་སྤེན་པ)དང་ཟླ5བའི་ཚེས3ཉིན(གཟའ་ཉི་མ)ནི་སྤྱིའི་ངལ་གསོའི་ཉིན་མོ་ཡིན། ཟླ5བའི་ཚེས4ཉིན(གཟའ་ཟླ་བའི་ཉིན)ལས་ཀར་འགྲོ་དགོས།

སྤྱི་ལོ2019ལོའི་ཟླ3པའི་ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤྱི་ལོ2019ལོའི་ངལ་རྩོལ་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག་ལེགས་སྒྲིག་བྱས་པ་དང་སྤྱི་ལོ2019ལོའི་ཟླ5བའི་ཚེས1ཉིན་ནས་ཚེས4ཉིན་བར་ངལ་གསོ་ཉིན་བཞི་བཞག་ཡོད། ཟླ4བའི་ཚེས28ཉིན(གཟའ་ཉི་མ)དང་ཟླ5བའི་ཚེས5ཉིན(གཟའ་ཉི་མ)ལས་ཀར་ཞུགས།  

སྤྱི་ལོ2019ལོའི་ཟླ11པའི་ཚེས21ཉིན《སྤྱི་ལོ2020ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2020ལོའི་ཟླ5བའི་ཚེས1ཉིན་ནས་ཚེས5ཉིན་བར་ངལ་གསོ་ངལ་གསོ་ཉིན་ལྔ་ཡིན། 

སྤྱི་ལོ2020ལོའི་ཟླ11པའི་ཚེས25ཉིན《སྤྱི་ལོ2021ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་སྤྱི་ལོ2021ལོའི་ཟླ5བའི་ཚེས1ཉིན་ནས་ཚེས5ཉིན་བར་ངལ་གསོ་ངལ་གསོ་ཉིན་ལྔ་བྱ་རྒྱུ་དང་། ཟླ4བའི་ཚེས25ཉིན(གཟའ་ཉི་མ)དང་། ཟླ5བའི་ཚེས8ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས།   

སྤྱི་ལོ2021ལོའི་ཟླ10བའི་ཚེས25ཉིན《སྤྱི་ལོ2022ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2022ལོའི་ཟླ4བའི་ཚེས30ཉིན་ནས་ཟླ5བའི་ཚེས4ཉིན་བར་ངལ་གསོ་ངལ་གསོ་ཉིན་ལྔ་བྱས་ཡོད། ཟླ4བའི་ཚེས24ཉིན(གཟའ་ཉི་མ)དང་ཟླ5བའི་ཚེས7ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས།


དཔྱད་གཞིའི་ཡིག་ཆ།