ཝང་ཀོང་ཆན།སྔ་མའི་པར་གཞི་དེ སྒོ་མེ་སྙིང་བྱམས་ཚེ་རིང  ནས 2022-04-28 10:49ལ་འགྲུབ།

ཝང་ཀོང་ཆན།

ཝང་ཀོང་ཆན།
ཁོང་ནི་སྤྱི་ལོ1962ལོའི་ཟླ4པར་ཧོ་ནན་ནན་དབྱང་ནས་སྐྱེས་ཤིང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་། ཆུ་ཤུགས་རིག་པ་དང་ཆུ་རྒྱུན་སྒུལ་ཤུགས་རིག་པའི་ཆེད་མཁས་པ། ཆིན་ཧྭ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ།(ཅུའུ་རིམ་པ་རྒན་པ)ཧྲུའེ་ཧྲ་ཚན་རིག་དང་ཆུ་བེད་ཆུ་གློག་ལས་གྲྭའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ལས་གྲྭ་དང་རྒྱུ་ཆ་པུའུ་ཡི་ཀྲུའུ་རེན། ཀྲུང་གོའི་དམངས་གཙོ་མནའ་མཐུན་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་དང་མི་འབོར་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王光谦
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ4བ།
སྐྱེས་ཡུལ།
ཧོ་ནན་ནན་དབྱང་།
རྒྱལ་ཁབ།
ཀྲུང་གོ།
མཐར་ཕྱིན་སློབ་གྲྭ།
ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གྲྭ་ཆེན་མོ།
ལས་ཐོབ།
མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ།
1 ངོ་སྤྲོད། 

ཁོང་ནི་སྤྱི་ལོ1962ལོར་ཧོ་ནན་ནན་དབྱང་ནས་སྐྱེས་ཤིང་། སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར་ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས། སྤྱི་ལོ1985ལོ་ནས་སྤྱི་ལོ1989ལོའི་བར་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་སྡེ་ཁག་ཏུ་སློབ་སྦྱོང་བྱས། སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར་ཀྲུང་གོའི་ཚན་རིག་ཁང་གི་ཤུགས་རིག་ཞིབ་འཇུག་ཁང་དུ་འབུམ་རམས་པའི་བསླབ་གནས་བླངས། སྤྱི་ལོ1992ལོ་ནས་བཟུང་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་སྡེ་ཁག་ཏུ་ལས་ཀར་ཞུགས། སྤྱི་ལོ2000ལོར་སློབ་གསོ་པུའུ་ཡི་དམིགས་བསལ་དགེ་རྒན་ཆེན་མོར་གདན་འདྲེན་ཞུས། སྤྱི་ལོ2009ལོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིར་བདམས།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུ་དང་། མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གཉིས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར། ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གླིང(ད་ལྟའི་ཝུའུ་ཧན་སློབ་གྲྭ་ཆེན་མོའི་ཆུ་བེད་ཆུ་གློག་སློབ་གླིང)དུ་སློབ་གཉེར་བྱས་ནས་བཟོ་རིག་ཤེས་རམས་པའི་བསླབ་གནས་བླངས།

སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་སྡེ་ཁག་ཏུ་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1985ལོར། བཟོ་རིག་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1985ལོ་ནས་སྤྱི་ལོ1989ལོའི་བར། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་སྡེ་ཁག་ཏུ་འབུམ་རམས་པའི་བསླབ་གནས་བླངས། སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར་ཀྲུང་གོའི་ཚན་རིག་ཁང་གི་ཤུགས་རིག་ཞིབ་འཇུག་ཁང་གི་འབུམ་རམས་ཕྱི་ཚར་གྱི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས་སུ་ཕྱག་ལས་གནང་།

སྤྱི་ལོ1992ལོར། ཆིང་ཧྭ་སློབ་ཆེན་ཆུ་བེད་སྡེ་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཧྲུའེ་ཧྲ་ཚན་རིག་དང་ཆུ་བེད་ཆུ་གློག་ལས་གྲྭའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ1996ལོའི་ཟླ6པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར། ཞང་ཀང་སློབ་གྲྭ་ཆེན་མོའི་ཨར་ལས་བཟོ་སྐྲུན་སྡེ་ཁག་ཏུ་འཚམས་འདྲི་དགེ་རྒན་ཆེན་མོ་འགན་བཞེས།

སྤྱི་ལོ2000ལོའི་ཟླ1པོ་ནས་སྤྱི་ལོ2004ལོའི་ཟླ12པའི་བར། སློབ་གསོ་པུའུ་ཡི་དམིགས་བསལ་གདན་ཞུ་དགེ་རྒན་ཆེན་མོར་བདམས།

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2002ལོའི་ཟླ2པའི་བར། དགེ་རྒན་ཆེན་མོRegina Universityལ་བཅར་འདྲི་བྱས།

སྤྱི་ལོ2009ལོའི་ཟླ12པའི་ཚེས4ཉིན། ཀྲུང་གོའི་ཚན་རིག་ཁང་གིས་ཡོན་ཧྲི་གསབ་འདེམས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཝང་ཀོང་ཆན་ལག་རྩལ་ཚན་རིག་པུའུ་ཡི་ཡོན་ཧྲི་ལ་བདམས།

སྤྱི་ལོ2011ལོའི་ཟླ8པར། པེ་ཅིང་གྲོང་ཁྱེར་ཆུ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ12པའི་ཚེས13ཉིན། ཀྲུང་གོའི་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

སྤྱི་ལོ2013ལོའི་ཟླ5དའི་ཚེས13ཉིན་ཆུ་བེད་པུའུ་ཕྱོགས་བསྡུས་བྱ་གཞག་ཅུའུ་ཡི་དབུ་བཞུགས་ཚན་རིག་པར་གདན་ཞུ་བྱས།

སྤྱི་ལོ2013ལོའི་ཟླ7པ་ནས་སྤྱི་ལོ2022ལོའི་ཟླ4པའི་བར། མཚོ་སྔོན་སློབ་ཆེན་གྱི་སློབ་སྤྱིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ12པར། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས།  

སྤྱི་ལོ2021ལོའི་ཟླ10པ་ནས་ད་ལྟའི་བར། ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱི་གཞོན་པའི་འགན་བཞེས་ཡོད། (ཅུའུ་རིམ་པ་རྒན་པ་དང་ཚོད་ལྟའི་དུས་ཡུན་ལོ་གཅིག)

3 གོ་གནས་བསྐོ་འཐེན།

སྤྱི་ལོ2022ལོའི་ཟླ1པོའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག ཝང་ཀོང་ཆན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱེད་པའི་གཏན་འབེབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུ་དགོས།

སྤྱི་ལོ2022ལོའི་ཟླ4པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བློ་མཐུན་ཝང་ཀོང་ཆན་གྱི་མཚོ་སྔོན་སློབ་ཆེན་གྱི་སློབ་སྤྱིའི་གོ་གནས་ཕྱིར་འཐེན་བྱས།

4 སྤྱི་ཚོགས་ཁྲོད་ཀྱི་ལས་འགན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་ཡོན་གྱི་མིང་གདགས་གཞུང་ལས་ཁང་ཆུ་བེད་རིག་ཚན་དཔྱད་བསྡུར་ཚོ་ཆུང་གི་ཚོགས་འདུ་སྐོང་འཚོགས་བྱེད་མཁན་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་དང་བཟོ་སྐྲུན་པུའུ་ཡི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།《ཉེར་སྤྱོད་རྨང་གཞི་དང་བཟོ་སྐྲུན་ཚན་རིག་ཚགས་པར》རྩོམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་དང་། རྩོམ་སྒྲིག་པ་གཞོན་པIAHR-APD J Hydro-environment Researchབཅས་ཡིན།  

དཔྱད་གཞིའི་ཡིག་ཆ།