ཁོང་ནི1955ལོའི་ཟླ3པར་སྐྱེས། ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཡིན། 1972ལོའི་ཟླ6པར་བྱ་བར་ཞུགས། 1975ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་གཉེར་མཛད། བཟོ་རིག་རབ་འབྱམས་པའི་བསླབ་གནས་བླངས།
ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད།
1972ལོ་ནས1976ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་ཞན་ས་ཁུལ་གྱི་ཟས་རིགས་བཟོ་གྲྭའི་བཟོ་བ་དང་། འཁོར་ཁང་གི་འགན་འཁུར་བའི་འགན་བཞེས།
1976ལོ་ནས1979ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་ཞན་ས་ཁུལ་གྱི་ལྔ་བདུན་ལས་བྱེད་སློབ་གྲྭའི་དགེ་རྒན་དང་། སློབ་དཔྱོད་ཁང་གི་གཙོ་འགན་གཞོན་པ། སློབ་གྲྭའི་ཏང་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས།
1979ལོ་ནས1980ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞུང་ལུགས་དྲིལ་སྒྲོག་ལས་བྱེད་འཛིན་གྲྭར་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས།
1980ལོ་ནས1981ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་ཞན་ས་གནས་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཡིན།
1981ལོ་ནས1982ལོའི་བར། གུང་གཞོན་ཚོགས་པ་ཨན་ཧུའེ་ཞིང་ཆེན་སུའུ་ཞན་ས་གནས་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
1982ལོ་ནས1983ལོའི་བར། གུང་གཞོན་ཚོགས་པ་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་དྲིག་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
1983ལོ་ནས1984ལོའི་བར། གུང་གཞོན་ཚོགས་པ་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
1984ལོ་ནས1987ལོའི་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
1987ལོ་ནས1988ལོའི་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།
1988ལོ་ནས1992ལོའི་བར། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ཧྲི་ཀྲང་ཚབ་མ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས། (དེའི་རིང1989ལོ་ནས1992ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དངོས་གཞིའི་ཏང་སྲིད་དོ་དམ་ཆེད་ལས་འཛིན་གྲྭར་ལས་ཐོག་སློབ་གཉེར་བྱས།)
1992ལོ་ནས1993ལོའི་བར། ཨན་ཧུའེ་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་གི་ལས་རོགས་བཅས་ཀྱི་འགན་བཞེས།
1993ལོ་ནས1993ལོའི་བར། ཨན་ཧུའེ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའི་འགན་བཞེས།
1993ལོ་ནས1998ལོའི་བར། ཨན་ཧུའེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཧྲིན་ཀྲང་གཞོན་པའི་འགན་བཞེས།(དེའི་རིང1993ལོ་ནས1995ལོའི་བར་ཀྲུང་གོའི་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་སྡེ་ཁག་གི་དོ་དམ་ཚན་རིག་ཆེད་ལས་ཀྱི་རབ་འབྱམས་པའི་འཛིན་གྲྭར་ལས་ཐོག་སློབ་གཉེར་བྱས་ཤིང་། བཟོ་རིག་རབ་འབྱམས་པའི་མིང་ཐོབ་བླངས། 1997ལོའི་ཟླ3པ་ནས1997ལོའི་ཟླ5བའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གསབ་སྦྱོང་འཛིན་གྲྭ་ནས་སློབ་གཉེར་བྱས།)
1998ལོ་ནས1999ལོའི་བར། ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་གཞོན་པའི་འགན་བཞེས།
1999ལོ་ནས2003ལོའི་བར། རྒྱལ་ཁབ་གོང་སྤེལ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།(དེའི་རིང2001ལོའི་ཟླ9བ་ནས2001ལོའི་ཟླ11པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གསབ་སྦྱོང་འཛིན་གྲྭར་སློབ་གཉེར་བྱས།)
2003ལོ་ནས2005ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང།(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒྱུན་ལས་བྱ་བའི་འགན་འཁུར་བའི་པུའུ་ཀྲང་རིམ་པ་དང་པོ་ཡིན) ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
2005ལོ་ནས2006ལོའི་བར། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
2006ལོ་ནས2007ལོའི་བར། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།
2007ལོ་ནས2007ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།
2007ལོ་ནས2012ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
2012ལོ་ནས2013ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱི་འགན་བཞེས།
2013ལོ་ནས2017ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།
2017ལོ་ནས2018ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།
2018ལོ་ནས་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡི་འགན་བཞེས།
ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ཨུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི།