ཝང་དབྱང་།སྔ་མའི་པར་གཞི་དེ སྒོ་མེ་སྙིང་བྱམས་ཚེ་རིང  ནས 2022-04-18 17:19ལ་འགྲུབ།

ཝང་དབྱང་།

ཝང་དབྱང་།
ཁོང་ནི་སྤྱི་ལོ1969ལོའི་ཟླ2པར་ཀུའེ་ཀྲོའུ་ཀྲེན་ཉིང་དུ་སྐྱེས་ཤིང་། སྤྱི་ལོ1990ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1989ལོའི་ཟླ4པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་ཟམ་པ་དང་ཕུག་ལམ་ལས་གྲྭའི་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། བཟོ་རིག་འབུམ་རམས་པའི་བསླབ་གནས་ལྡན། མཐོ་རིམ་བཟོ་བཀོད་པ་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汪洋
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ2པ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན།
སྐྱེས་ཡུལ།
ཀུའེ་ཀྲོའུ་ཀྲེན་ཉིང་།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར། ཁྲུང་ཆིང་འགྲིམ་འགྲུལ་སློབ་གླིང་གཞུང་ལམ་ལས་གྲྭའི་ཚན་ཁག་གི་གཞུང་ལམ་དང་གྲོང་ཁྱེར་གྱི་གཞུང་ལམ་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1997ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་འཆར་འགོད་ཁྲུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1997ལོའི་ཟླ10པ་ནས་སྤྱི་ལོ2000ལོའི་ཟླ12པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིན།

སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2001ལོའི་ཟླ8པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་ཕྱི་དོན་ཕྱི་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར། (དེའི་རིང་། སྤྱི་ལོ2001ལོའི་ཟླ5པ་ནས་སྤྱི་ལོ2001ལོའི་ཟླ8པའི་བར། ཨ་རིའི་ཞིན་ཞིན་ན་ཐི་སློབ་ཆེན་དུ་སློབ་སྦྱོང་བྱས)

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ4པའི་བར། སི་ཁྲོན་ཕན་ཤིས་མྱུར་བགྲོད་གཞུང་ལམ་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་འགན་ཁུར། (སྤྱི་ལོ1997ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར། ཁྲང་ཨན་སློབ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་འཆར་འགོད་དང་དོ་དམ་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་པ་དང་བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ2002ལོའི་ཟླ12པ་ནས་སྤྱི་ལོ2005ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ཡི་ཀྲོའུ་ཀྲང་གི་ལས་རོགས་ལ་འགན་འཁུར། སྤྱི་ལོ2004ལོའི་ཟླ4པ་ནས་སྤྱི་ལོ2004ལོའི་ཟླ6པའི་བར། སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་རིམ་པ་མཐོ་བའི་སྣ་འཛོམས་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2005ལོའི་ཟླ4པ་ནས་སྤྱི་ལོ2006ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2006ལོའི་ཟླ7པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་གཞུང་ལམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས། (སྤྱི་ལོ2006ལོའི་ཟླ2པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་འགྲིམ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་ལ་འགན་བཏགས་བྱས)

སྤྱི་ལོ2007ལོའི་ཟླ7པ་ནས་སྤྱི་ལོ2010ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་གཞུང་ལམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས། (སྤྱི་ལོ2009ལོའི་ཟླ7པར། ཐིང་རིམ་པ་གཞོན་པར་གཏན་འཁེལ་བྱས)

སྤྱི་ལོ2010ལོའི་ཟླ3པ་ནས་སྤྱི་ལོ2010ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ5པ་ནས་སྤྱི་ལོ2010ལོའི་ཟླ6པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2014ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པའི་འགན་བཞེས། (སྤྱི་ལོ2004ལོའི་ཟླ9པ་ནས་སྤྱི་ལོ2014ལོའི་ཟླ6པའི་བར། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་ཟམ་པ་དང་ཕུག་ལམ་ལས་གྲྭའི་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་པ་དང་བཟོ་རིག་འབུམ་རམས་པའི་བསླབ་གནས་ཐོབ)

སྤྱི་ལོ2014ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྒྲིག་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པ་ནས་སྤྱི་ལོ2019ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གི་འགན་བཞེས།

སྤྱི་ལོ2019ལོའི་ཟླ7པ་ནས་སྤྱི་ལོ2020ལོའི་ཟླ7པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ7པ་ནས་སྤྱི་ལོ2021ལོའི་ཟླ2པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྤྱི་ཁྱབ་བཟོ་བཀོད་པ་དང་གཞུང་ལམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2021ལོའི་ཟླ2པ་ནས་སྤྱི་ལོ2021ལོའི་ཟླ5པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྤྱི་ཁྱབ་འཆར་འགོད་པ་དང་ཕྱོགས་བསྡུས་འཆར་འགོད་སིའི་སི་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2021ལོའི་ཟླ5པ་ནས་སྤྱི་ལོ2021ལོའི་ཟླ6པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 

སྤྱི་ལོ2021ལོའི་ཟླ6པ་ནས་ད་ལྟའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པའི་འགན་བཞེས། (སྤྱི་ལོ2022ལོའི་ཟླ3པར་པུའུ་ཀྲང་གཞོན་པའི་འགན་དགོངས་ཞུ་བྱས)

ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།  

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2022ལོའི་ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་གྲོས་འཆམ་བྱུང་ཞིང་། ཝང་དབྱང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ་དང་། ཝང་དབྱང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ལ་བསྐོ་གཞག་བྱས།

དཔྱད་གཞིའི་ཡིག་ཆ།