དབྱང་ཀྲི་ཝུན།སྔ་མའི་པར་གཞི་དེ སྒོ་མེ་སྙིང་བྱམས་ཚེ་རིང  ནས 2022-04-18 17:19ལ་འགྲུབ།

དབྱང་ཀྲི་ཝུན།

དབྱང་ཀྲི་ཝུན།
ཁོང་ནི་སྤྱི་ལོ1971ལོའི་ཟླ7པར་ཉིང་ཞ་ཧའེ་ཡོན་དུ་སྐྱེས་ཤིང་། སྤྱི་ལོ1992ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1992ལོའི་ཟླ5པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཉིང་ཞ་སློབ་ཆེན་ཧུའེ་རིགས་ཞིབ་འཇུག་ཁང་མི་རིགས་སྤྱི་ཚོགས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཁྲིམས་རིག་པའི་འབུམ་རམས་པ་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨志文
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
ཧུའེ་རིགས།
མཐར་ཕྱིན་སློབ་གྲྭ།
ཉིང་ཞ་སློབ་ཆེན།
ཕ་ཡུལ།
ཉིང་ཞ་ཧའེ་ཡོན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1992ལོའི་ཟླ7པའི་བར། ཉིང་ཞ་སློབ་ཆེན་ཆབ་སྲིད་ཚན་ཁག་གི་བསམ་བློ་ཀུན་སྤྱོད་དང་ཆབ་སྲིད་སློབ་གསོའི་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1992ལོའི་ཟླ7པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར། ཉིང་ཞ་སློབ་ཆེན་ཆབ་སྲིད་ཚན་ཁག་གི་དགེ་རྒན་གནང་། (དེའི་རིང་། སྤྱི་ལོ1994ལོའི་ཟླ9པ་ནས་སྤྱི་ལོ1997ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་པུའུ་རུ་ཀྲུང་གུང་ཏང་གི་ལོ་རྒྱུས་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱས་པ་དང་ཁྲིམས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ)

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ8པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་སློབ་གསོ་ཁྲུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1998ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ2པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་ཁུ་ཡོན་ཡིན།

སྤྱི་ལོ2001ལོའི་ཟླ2པ་ནས་སྤྱི་ལོ2004ལོའི་ཟླ8པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ12པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ12པ་ནས་སྤྱི་ལོ2007ལོའི་ཟླ4པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཁྲུའུ་དང་པོའི་བརྟག་ཞིབ་པ་དང་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007སྤྱི་ལོ2009ཉིང་ཞ་ས་རྒོད་གསར་སྦོལ་བྱ་གཞག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ས་རྒོད་གསར་སྦོལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་བཞེས། (སྤྱི་ལོ2009ལོའི་ཟླ2པར་རྩ་ཆག་བཏང) (དེའི་རིང་། སྤྱི་ལོ2007ལོའི་ཟླ9པ་ནས་སྤྱི་ལོ2007ལོའི་ཟླ11པའི་བར། ཉིང་ཞ་ཆུས་ཨུའི་ཏང་གི་སློབ་གྲྭ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2013ལོའི་ཟླ8པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2015ལོའི་ཟླ8པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ8པ་ནས་སྤྱི་ལོ2018ལོའི་ཟླ2པའི་བར། ཉིང་ཞ་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས

(སྤྱི་ལོ2012ལོའི་ཟླ9པ་ནས་སྤྱི་ལོ2017ལོའི་ཟླ6པའི་བར། ཉིང་ཞ་སློབ་ཆེན་ཧུའེ་རིགས་ཞིབ་འཇུག་ཁང་མི་རིགས་སྤྱི་ཚོགས་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ནས་ཁྲིམས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ2015ལོའི་ཟླ3པ་ནས་སྤྱི་ལོ2016ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་གཉིས་པར་སློབ་སྦྱོང་གནང)

སྤྱི་ལོ2018ལོའི་ཟླ2པ་ནས་སྤྱི་ལོ2020ལོའི་ཟླ3པའི་བར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང(ཆོས་ལུགས་ལས་དོན་ཅུའུ)གི་ཀྲུའུ་རེན(ཅུའུ་ཀྲང)དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ3པ་ནས་སྤྱི་ལོ2020ལོའི་ཟླ4པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་འོས་མི་ཡིན།

སྤྱི་ལོ2020ལོའི་ཟླ4པ་ནས་སྤྱི་ལོ2021ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ8པ་ནས་སྤྱི་ལོ2021ལོའི་ཟླ9པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ9པ་ནས་སྤྱི་ལོ2022ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེན་མོ། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2022ལོའི་ཟླ2པ་ནས་སྤྱི་ལོ2022ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2022ལོའི་ཟླ3པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས་ཡོད།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2022ལོའི་ཟླ2པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཀའི་དགོས་མཁོར་གཞིགས་ནས་བློ་མཐུན་དབྱང་ཀྲི་ཝུན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱས།

སྤྱི་ལོ2022ལོའི་ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག དབྱང་ཀྲི་ཝུན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཆེའི་གོ་གནས་ཕྱིར་འཐེན་བྱེད་པའི་གཏན་འབེབས་བྱས།

3 ལས་བགོས།

སློབ་གསོ་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན། རྒྱལ་སྲུང་སྐུལ་སློང་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།

ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་། ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་ལས་ཁང་། སློབ་གྲྭ་ཆེན་མོ་ཁག་བཅས་ལ་ལས་བགོས་འགན་གཉེར་བྱས་ཡོད།

ཞིང་ཆེན་དམག་ཁུལ་ཁང་དང་བཅའ་སྡོད་དམག་དཔུང་གི་དཔུང་སྡེ། མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་བཅས་དང་འབྲེལ་གཏུག་བྱེད་དགོས་པ་དང་། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་རོགས་འདེགས་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལྡན་བྱ་བ་ཐག་གཅོད་དང་ཞིང་ཆེན་སྲིད་གཞུང་གི་གཞུང་སྒྲུབ་ཐིན་གྱི་བྱ་བར་འགོ་ཁྲིད་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིང་། ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་། ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གཞུང་ལས་ཐིང་བཅས་ལ་འབྲེལ་གཏུག་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།