ཀོང་ཞིའི་ཧྲི་ཝན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།སྔ་མའི་པར་གཞི་དེ སེང་མཚོ།  ནས 2022-04-26 08:45ལ་འགྲུབ།

ཀོང་ཞིའི་ཧྲི་ཝན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།

ཀོང་ཞིའི་ཧྲི་ཝན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
ཀོང་ཞིའི་ཧྲི་ཝན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཀོང་ཞི་ཧྥང་ཁྲེང་ཀང་གྲོང་ཁྱེར་ཧྲང་སི་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ36ཡོད་པ། ནན་ཉིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ136ཡོད་པ། ཏུང་ཞིན་དང་བར་ཐག་སྤྱི་ལེ100ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西十万大山国家森林公园
སྤྱི་གླིང་རིམ་པ།
རྒྱལ་ཁབ་རིམ་པ།
གནས་ཡུལ།
ཀོང་ཞི་ཧྥང་ཁྲེང་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ཆིང8810ཡོད།
མཆན་བཀོད་དུས་ཚོད།
སྤྱི་ལོ1996ལོའི་ཟླ8པ།
1 ངོ་སྤྲོད།

ཀོང་ཞིའི་ཧྲི་ཝན་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཀོང་ཞི་ཧྥང་ཁྲེང་ཀང་གྲོང་ཁྱེར་ཧྲང་སི་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ36ཡོད་པ། ནན་ཉིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ136ཡོད་པ། ཏུང་ཞིན་དང་བར་ཐག་སྤྱི་ལེ100ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང2037དང་ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ་ཁྲི500ཙམ། གདོད་མའི་ནགས་ཚལ་ལ་མུའུ་ཁྲི60བཅས་ཡོད་པ་དང་ནགས་ཚལ་ཁེབས་ཚད་ཀྱི98%ཡན་ཟིན་ཡོད།

2 གནས་ཡུལ།

སྤྱི་གླིང་དེ་གཞུང་ཐིག་ཤར་མའི 107°53´-107°57´དང་བྱང་གི་འཕྲེད་ཐིག་བྱང་མའི21°53´-21°55´བར་དུ་གནས་ཡོད།

3 ཐོན་ཁུངས།

སྤྱི་གླིང་དུ་རྩི་ཤིང་གི་རིགས195དང་ཚན533 ཁོངས1890ཡོད། དེའི་ནང་རྒྱུ་ཆར་སྤྱོད་པའི་ཤིང་རིགས200ལྷག་ཙམ་དང་། སྨན་སྤྱོད་རྩི་ཤིང་རིགས100ལྷག་ཙམ། སྣུམ་རིགས་སྣ་ཁ40ལྷག་ཙམ། ཤིང་འབྲས་རིགས30ལྷག་ཙམ། སིང་ཕྱེ་རིགས20ལྷག་ཙམ། རི་སྐྱེས་སྔོ་ཚལ་རིགས30ལྷག་ཙམ་བཅས་ཡོད་ལ། རི་སྐྱེས་སྲོག་ཆགས་རིགས300ལྷག་ཡོད་ཅིང་། དེའི་ནང་སྲོག་ཆགས་རིགས60ལྷག་དང་། འདབ་ཆགས་རིགས200ལྷག སྐམ་ཆུ་གཉིས་འཚོའི་རིགས20ལྷག གོག་འགྲོའི་རིགས20ལྷག ཉ་རིགས30ལྷག་བཅས་ཡོད།

4 མཛེས་ལྗོངས་གཙོ་བོ།

སྤྱི་གླིང་དུ་ཧྲི་ཐོའུ་ཆུ་བོ་དང་པའེ་ཉིའོ་སྤྲོ་ཁང་། ཅིའུ་ལུང་གསོམ་སྡོང་། ལུང་ཕའོ་སྡོང་བ་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།