སྤྱི་ལོ1945ལོའི་ཟླ9བར་ཡན་ཨན་དུ་སྐྱེས།
སྤྱི་ལོ1964ལོའི་ཟླ4བར་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་ནས་སློབ་མཐར་ཕྱིན།
སྤྱི་ལོ1964ལོའི་ཟླ10བར་ཧྥ་རན་སེར་སློབ་སྦྱོང་བྱེད་པར་བསྐྱོད།
སྤྱི་ལོ1968ལོའི་ཟླ3པར་དམག་ལ་ཞུགས་ཤིང་། སྔ་རྗེས་སུ་སྐམ་དམག་ཅུན་ཤོག28པའི་འཐབ་འཛིང་བ་དང་། པན་ཀྲང་། ལྡིང་དཔོན། བརྒྱ་ཤོག་གི་མཛུབ་ཁྲིད་པ། དམག་དཔུང་སྦྱོང་བརྡར་ཁྲུའུ་ཡི་དྲག་ཇུས་པ་བཅས་ཀྱི་འགན་བཞེས་ལ། མཚོ་དམག་ཤར་རྒྱ་མཚོའི་དམག་གྲུ་རུ་ཁག་སྦྱོང་བརྡར་རྟེན་གཞིའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་། མཚོ་དམག་གི་སྒྲིག་ཆས་རིགས་པས་ཁུངས་སྐྱེལ་ཞིབ་འཇུག་ལྟེ་གནས་གསང་འཕྲིན་ཁང་གི་ཀྲུའུ་རེན། མཚོ་དམག་དམག་དོན་རིག་གཞུང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། མཚོ་དམག་སྒྲིག་ཆས་ཞིབ་འཇུག་ཁང་ཕྱོགས་བསྡུས་སུའོ་ཡི་སུའོ་ཀྲང་དང་། སློབ་གླིང་ཚན་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ1964ལོ་ནས་སྤྱི་ལོ1968ལོའི་བར་དུ་ཧྥ་རན་སེའི་ཕ་རི་སི་སློབ་ཆེན་དང་ཀུ་ལེ་ནུའོ་པུའུ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ནས་སློབ་མཐར་ཕྱིན།
སྤྱི་ལོ1978ལོའི་ཟླ9བ་ནས་སྤྱི་ལོ1981ལོའི་ཟླ2པའི་བར་དུ་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན།
སྤྱི་ལོ1980ལོའི་ཟླ10བ་ནས་སྤྱི་ལོ1982ལོའི་ཟླ3པའི་བར་དུ་མཚོ་དམག་བཀོད་འདོམས་སློབ་གྲྭ་ཆེན་མོའི་མཉམ་སྡེབ་བཀོད་འདོམས་འཛིན་གྲྭ་ནས་སློབ་མཐར་ཕྱིན།
སྤྱི་ལོ1987ལོའི་ཟླ10བ་ནས་སྤྱི་ལོ1988ལོའི་ཟླ5བའི་བར་དུ་ཏཱ་ལེན་ཆུ་ངོས་དམག་གྲུའི་སློབ་གླིང་དུ་ཟབ་སྦྱོང་བྱས།
སྤྱི་ལོ1988ལོའི་ཟླ8པ་ནས་སྤྱི་ལོ1989ལོའི་ཟླ12པའི་བར་དུ་ཧྥ་རན་སེའི་དམག་དོན་སློབ་གླིང་གི་མཚོ་དམག་ཚན་ཁག་དང་། ཧྥ་རན་སེའི་མཉམ་སྡེབ་དམག་གི་མཐོ་རིམ་འཛིན་གྲྭ་ནས་སློབ་མཐར་ཕྱིན།
ད་ལྟ་མཚོ་དམག་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཧྲའོ་ཅང་གི་གོ་རྟགས་དང་ཞིབ་འཇུག་པའི་འགན་ཁུར་ཡོད། འབུམ་རམས་པའི་སློབ་དཔོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཀྲུང་ཧྭ་དམངས་གཉེར་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།
ལོ་བདུན་ཅུ་ལ་སླེབས་པའི་མཚོ་དམག་སྒྲིག་ཆས་རིགས་པས་ཁུངས་སྐྱེལ་ཞིབ་འཇུག་ཁང་གི་དེ་སྔའི་ཕྱོགས་བསྡུས་སུའོ་ཡི་སུའོ་ཀྲང་དང་མཐོ་རིམ་ཞིབ་འཇུག་པ་དགེ་རྒན་དབྱི་ཀྲུའོ་ནི་ཧྥ་རན་སེའི་སྐད་ཡིག་དང་དབྱིན་ཡིག་སོགས་རྒྱལ་ཁབ་མང་བོའི་སྐད་ཡིག་ལ་བྱང་ཆུབ་པ་དང་དེ་སྔོན་ཧྥ་རན་སེའི་དམག་དོན་སློབ་གླིང་དུ་སློབ་སྦྱོང་བྱས་མྱོང་། ཁོང་ནི་རྒྱལ་ཁབ་ཀྱི་དམག་དོན་འཐབ་ཇུས་ཐབས་ཇུས་རིགས་གཅིག་མཁས་ཅན་གྱི་ཁོངས་མི་ཡིན་པ་དང་དུས་རབས21པར་རྒྱལ་ཁབ་ཀྱི་དམག་དོན་འཐབ་ཇུས་གལ་ཆེན་གྱི་རིགས་པས་ཁུངས་སྐྱེལ་ལས་དོན་ནང་དུ་ཞུགས་ཡོད། དགེ་རྒན་དབྱི་ལགས་ཀྱིས་ཁོང་གི་ཤེས་བྱའི་རྨང་གཞི་ཟབ་མོའི་ཐོག་ནས་གློག་བརྙན་བརྩམས་ཆོས་དང་དེ་བཞིན་དངོས་མཚོན་གློག་བརྙན་ནང་གི་ཞིབ་ཕྲའི་གནས་ཚུལ་ལ་ཆེད་ལས་ཀྱི་འགྲེལ་བཤད་དང་དཔྱད་འདེམས་བྱས་པ་གོ་བདེ་ཞིང་གོ་བ་ལེན་སླ་བ་ཞིག་ཡིན། གློག་བརྙན་པར་གཞིའི་ནང་གི་ཞིབ་ཕྲའི་གནས་ཚུལ་ལ་བདེན་རྫུན་དང་ནོར་འཁྲུལ་དང་ཞིབ་བསྡུར་བཅས་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལྟད་མོ་བ་ཚོར་གློག་བརྙན་གྱི་གནས་ཚུལ་རྒྱབ་ལྗོངས་ཀྱི་དམག་དོན་ཤེས་བྱ་ངོ་མ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཡོད།
དགེ་རྒན་དབྱི་ཀྲུའོ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ་གྱི《དེ་རིང་གི་དོ་ཁུར》ཞེས་པའི་ལེ་ཚན་གྱི་ཆེད་བསྐོས་དཔྱད་བརྗོད་པ་ཞིག་ཡིན།
ཧྲའོ་ཅང་དབྱི་ཀྲུའོ་ནི་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཀྱི་དངོས་སྦྱོང་ཉམས་མྱོང་ཡོད་པའི་དམག་དཔོན་ཞིག་ཡིན།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་དང་། སྤྱི་ཁྱབ་སྒྲིག་ཆས་ཚན་རྩལ་ཨུ་ལྷན་གྱི་གཅིག་ལྕོགས་ཨུ་ཡོན། སྤྱི་ཁྱབ་སྒྲིག་ཆས་རྒྱལ་སྲུང་ཁོངས་གཏོགས་དབྱེ་ཞིབ་ཚོ་ཆུང་གི་བློ་འདྲི་བ། དམག་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་རྒྱལ་སྤྱིའི་འཐབ་ཇུས་རིག་གཞུང་ལྷན་ཚོགས་ཀྱིས་ཆེད་མངགས་ཞིབ་འཇུག་པ། རྒྱལ་སྲུང་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ། དམག་དོན་ཚན་རིག་ཁང་གི་དམིགས་བསལ་གདན་ཞུས་ཆེད་ལས་མཁས་པ། ཀྲུང་དབྱང་སྤྱི་ཚོགས་ཚན་རིག་ཁང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བཅས་ཡིན། རྒྱལ་སྤྱིའི་བདེ་འཇགས་འཐབ་ཇུས་དང་། མཚོ་དམག་འཐབ་ཇུས་རིག་པ། མཚོ་དམག་གི་དམག་འཐབ་རིག་པ། མཚོ་དམག་གོ་མཚོན་རིག་པ་བཅས་ཀྱི་རིགས་གཅིག་མཁས་ཅན་གྱི“རྒྱལ་ཁབ་ཀྱི་ཚན་རྩལ་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད”ཀྱི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་སྤྱིའི་སྙན་ཞུའི་ཞིབ་འཇུག་དང་རྩོམ་འབྲི་ནང་དུན་ཞུགས་པ་དང་མཚོ་དམག་གི་འཐབ་ཇུས་དང་མཚོ་དམག་གི་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་དང་འཆར་གཞིའི་ནང་དུའང་ཞུགས་ཡོད། དམག་ཡོངས་དང་མཚོ་དམག་གི་ཞིབ་འཇུག་བྱ་གཞི་གལ་ཆེན་བཅུ་གྲངས་ཀྱི་ཞིབ་འཇུག་གཙོ་སྐྱོང་བྱས་ནས་མཉམ་འབྲེལ་དམག་འཐབ་ཀྱི་ཆ་རྐྱེན་འོག་གི་མཚོ་དམག་གཡུལ་འགྱེད་རྩིས་འཁོར་གྱི་ལད་ཟློས་འཁྲབ་སྟོན་དང་ནང་སྦྱོང་གི་སྙན་ཞུ་རྩོམ་འབྲི་གཙོ་སྐྱོང་བྱས་པ། དམག་དོན་ཨུ་ལྷན་དང་། སྤྱི་ཁྱབ་པུའུ། མཚོ་དམག་བཅས་ཀྱིས་གཤམ་བསྒྲགས་བྱས་པའི་དངོས་ཡོད་ཞིབ་འཇུག་བྱ་གཞི་གལ་ཆེན་མང་བོའི་ཞིབ་འཇུག་ལས་འགན་གཙོ་སྐྱོང་བྱས་ནས་ལེགས་སྒྲུབ་བྱས་ཡོད།
《དེ་རིང་གི་ཐའེ་ཝན》དང《དེང་རབས་ཨ་རིའི་མཚོ་དམག》《འཛམ་གླིང་དམག་གྲུའི་ལོ་འཁོར་མེ་ལོང》《ཨ་རིའི་མཚོ་དམག་གི་སྒྲིག་ཆས་ལག་དེབ》《ཨུ་རུ་སུའི་མཚོ་དམག་གི་སྒྲིག་ཆས་ལག་དེབ》《ཧྥ་རན་སེའི་མཚོ་དམག་གི་སྒྲིག་ཆས་ལག་དེབ》སོགས་གསུང་རྩོམ་དང་ལག་ཆའི་དཔེ་དེབ་དཔེ་སྐྲུན་བྱས་པ་དང་རིག་གཞུང་དཔྱད་རྩོམ་བརྒྱ་ལྷག་ཙམ་དང་ཡིག་འབྲུ་ཁྲི 100ལྷག་ཙམ་སྤེལ་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་དམག་ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་དབྱི་ཀྲུའོ་ཧྲའོ་ཅང་ཡིས“ཚོགས་འདུ་གཉིས”ཀྱི་རིང་དུ་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལོ་ཤས་རིང་རང་རྒྱལ་གྱི་མཚོ་དམག་སྒྲིག་ཆས་དང་མཁའ་འགྲུལ་སྒྲིག་ཆས་འཕེལ་རྒྱས་མྱུར་བོ་བྱུང་ཡོད། མཁའ་འགྲུལ་སྒྲིག་ཆས་ནི་མཚོ་དམག་སྒྲིག་ཆས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”དང“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་ཀྱི་སྐབས་སུ་མཁའ་སྐྱོད་དམག་དཔུང་ནི་མཚོ་དམག་འཕེལ་རྒྱས་ཀྱི་གཙོ་གནད་གྲས་ཤིག་ཡིན་པ་དང་། གནམ་ཐང་གྲུ་གཟིངས་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་ཀྱི་གཙོ་གནད་ཡིན་ལ་མཚོ་དམག་གི་གཙོ་གནད་ཀྱང་ཡིན་པ་དང་། གནམ་ཐང་གྲུ་གཟིངས་ཀྱི་དམག་འཐབ་ནུས་པ་གཙོ་བོ་དམག་གྲུའི་ཐོག་མངོན་གྱི་ཡོད།
དམག་དཔོན་ཆེན་མོ་དབྱི་ཀྲུའོ་ཡིས་སྤྱི་ལོ2013ལོའི་ཟླ4བའི་ཚེས26ཉིན་པེ་ཅིང་དགེ་འོས་སློབ་ཆེན་ཀྲུའུ་ཧའེ་ཡན་ལག་སློབ་གྲྭར་བསྐྱོད་དེ་སློབ་གྲྭའི་དགེ་སློབ་ཚོར“རྒྱལ་སྲུང་འཐབ་ཇུས་དང་དེང་རབས་སློབ་ཆེན་སློབ་མ”ཞེས་འབོད་པའི་འཆད་ཁྲིད་བྱས་པ་རེད།
ཟླ3པའི་ཚེས2ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཨུ་ཡོན་དབྱི་ཀྲུའོ(གཡོན)པེ་ཅིང་གྲོས་ཚོགས་ལྟེ་གནས་སུ་འབྱོར་ཐོ་བཀོད།