སྤྱི་ལོ1995ལོའི་ཟླ5བར་ཐེན་ཅིན་སློབ་ཆེན་གྱི་ལག་རྩལ་དཔལ་འབྱོར་དང་མ་ལག་བཟོ་སྐྲུན་ཚན་ཁག་གི་ལག་རྩལ་དཔལ་འབྱོར་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་རྗེས། ཐེན་ཅིན་ལག་རྩལ་གསར་བའི་ཐོན་ལས་གླིང་གསར་སྤེལ་སྤྱི་ཁྱབ་ཀུང་སིར་བྱ་བ་སྒྲུབ་ཅིང་། སྔ་རྗེས་སུ་བཟོ་ལས་མ་འཇོག་ཡན་ལག་ཀུང་སི་ལས་གཞིའི་སྤྱི་གཉེར་བ་དང་སྤྱི་གཉེར་གཞོན་པ། ལས་གཏོད་ལག་རྩལ་གསར་བ་གསར་སྤེལ་ཞབས་ཞུ་ཀུང་སིའི་སྤྱི་གཉེར་གཞོན་པ། སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར་བའི་ལས་རོགས། བཟོ་ལས་མ་འཇོག་ཡན་ལག་ཀུང་སིའི་སྤྱི་གཉེར། ཧའེ་ཐའེ་ཚན་རྩལ་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་གཉེར། ལག་རྩལ་གསར་བའི་ཐོན་ལས་གླིང་གསར་སྤེལ་སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར་གཞོན་པ། ཧའེ་ཐའེ་ཚན་རྩལ་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དང་ཏུང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།
སྤྱི་ལོ2006ལོའི་ཟླ4བར་སྔ་རྗེས་སུ་ཐེན་ཅིན་ཧའེ་ཐའེ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་དང་། ཞང་ཀང་ཅིན་ལེན་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པའི་འགན་བཞེས།
སྤྱི་ལོ2013ལོའི་ཟླ5བར་སྔ་རྗེས་སུ་ཐེན་ཅིན་ཅིན་རོང་མ་འཇོག་ཞབས་ཞུ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་གཉེར་བ། ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་བཅས་ཀྱི་འགན་བཞེས་པ་དང་། པིན་ཧའེ་ཁུལ་གསར་ཆུས་ཨུའི་རྒྱུན་ཨུ་དང་ཆུས་ཀྲང་གཞོན་པ(ཅུའུ་རིམ་པ་རྒན་པ)བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ4བར་ཐེན་ཅིན་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2020ལོའི་ཟླ6པར་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི། གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
ད་ལྟ་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའི་འགན་བཞེས་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་དང་། ཀྲུང་གུང་ཐེན་ཅིན་གྲོང་ཁྱེར་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པའི་འཐུས་མི་བཅས་ཡིན།
སྤྱི་ལོ2021ལོའི་ཟླ7པའི་ཚེས29ཉིན་ཐེན་ཅིན་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ནས། ཝང་ཝེ་ཏུང་གི་ཐེན་ཅིན་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོས་པ་རེད།
སྤྱི་ལོ1995ལོ་ནས་བཟུང་ཚན་རྩལ་མཐོ་བའི་ལས་གཞི་ལ་མ་དངུལ་འཇོག་པ་དང་དོ་དམ་སོགས་ཀྱི་ལས་ཀ་བྱས་ཏེ་ཁེ་ལས་དང་བྱ་ལས་གསོ་སྐྱོང་དང་། ཉེན་ཁའི་མ་དངུལ་འཇོག་པ། ཉོ་སྒྲུབ་ཟླ་སྒྲིལ། མ་རྩའི་འཁོར་སྐྱོད་དོ་དམ་སོགས་ཀྱི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད།
སྤྱི་ལོ1998ལོ་དང་སྤྱི་ལོ1999ལོར་ཚན་རིག་བཟོ་ལས་ཨུ་ཡོན་ལྷན་ཁང་རིམ་པའི“ལོ་ལྔའི་འཆར་གཞི་དགུ་བའི”བྱས་རྗེས་བཞག་པའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།
སྤྱི་ལོ2001ལོར་གྲོང་ཁྱེར་རིམ་པའི“ལོ་ལྔའི་འཆར་གཞི་བཅུ་བའི”བྱས་རྗེས་བཞག་པའི་སྔོན་ཐོན་གྱི་མི་སྒེར་ལ་བདམས།