ཁྲེན་ཅིན་ཧྲན།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-29 10:45ལ་འགྲུབ།

ཁྲེན་ཅིན་ཧྲན།

ཁྲེན་ཅིན་ཧྲན།
ཁོང་ནི་སྤྱི་ལོ1967ལོའི་ཟླ2པར་སི་ཁྲོན་ཞི་ཁྲུང་ནས་སྐྱེས་ཤིང་། སྤྱི་ལོ1988ལོའི་ཟླ7པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1994ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཞིབ་འཇུག་སློབ་མ་དང་། དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན་ཞིང་། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈金山
སྐྱེས་ལོ།
སྤྱི་ལོ1967ལོའི་ཟླ2པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
སི་ཁྲོན་ཞི་ཁྲུང་།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
སི་ཁྲོན་སློབ་ཆེན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ9བ་ནས་སྤྱི་ལོ1988ལོའི་ཟླ7པའི་བར་དུ་པེ་ཅིང་ཧྭ་ཞན་བཟོ་ལས་སློབ་གླིང་གི་ཆ་རྡུལ་མཐོ་བའི་བཟོ་སྐྲུན་ཚན་ཁག་གི་རྫས་འགྱུར་ཚི་སྣའི་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1988ལོའི་ཟླ7པ་ནས་སྤྱི་ལོ1994ལོའི་ཟླ4བའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་དར་སྐུད་འཁེལ་འཐག་འཁོར་ཁང་གི་ལག་རྩལ་པ་ཡིན།

སྤྱི་ལོ1994ལོའི་ཟླ4བ་ནས་སྤྱི་ལོ1996ལོའི་ཟླ2པའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་དར་སྐུད་འཁེལ་འཐག་འཁོར་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ2པ་ནས་སྤྱི་ལོ1997ལོའི་ཟླ7པའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ5བའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་ཁྲང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ5བ་ནས་སྤྱི་ལོ2000ལོའི་ཟླ10བའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་ཁྲང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ10བ་ནས་སྤྱི་ལོ2002ལོའི་ཟླ7པའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་ཝེ་ལུན་བཟོ་གྲྭའི་ལས་བྱེད་པ་ཡིན།

སྤྱི་ལོ2002ལོའི་ཟླ7པ་ནས་སྤྱི་ལོ2003ལོའི་ཟླ3པའི་བར་དུ་སི་ཁྲོན་ཝེ་ཉི་ལུན་བཟོ་གྲྭའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ2པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་ཆུས་ཀྱི་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ2པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་ཆུས་ཨུའི་རྒྱུན་ཨུ་དང་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ12པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་ཆུས་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2013ལོའི་ཟླ8པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཁྲང་ཧྲོའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2014ལོའི་ཟླ1པོའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་གཞོན་པ། ལས་ཚབ་ཆུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ1པོ་ནས་སྤྱི་ལོ2016ལོའི་ཟླ8པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ8པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་གཞོན་པ། ལས་ཚབ་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་སྤྱི་ལོ2021ལོའི་ཟླ7པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2021ལོ་ནས་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་དང་། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་བ་དང་ལྔ་བའི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ9བའི་ཚེས29ཉིན་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ནས་ཁྲེན་ཅིན་ཧྲན་གྱི་ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོ་བའི་གཏན་འབེབས་བྱས་པ་རེད། 


དཔྱད་གཞིའི་ཡིག་ཆ།