ཚའེ་ཡུན་ཀུ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-29 10:45ལ་འགྲུབ།

ཚའེ་ཡུན་ཀུ།

ཚའེ་ཡུན་ཀུ།
ཁོང་ནི་སྤྱི་ལོ1971ལོའི་ཟླ12པར་ཧུ་པེ་པཱ་ཀྲོའུ་ནས་སྐྱེས་ཤིང་། སྤྱི་ལོ1996ལོའི་ཟླ8པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1993ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། དཔལ་འབྱོར་རིག་པའི་འབུམ་རམས་པ་དང་མཐོ་རིམ་དཔལ་འབྱོར་མཁས་ཅན་ཞིག་ཡིན་ལ། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་ཧྲི་ཀྲང་གཞོན་པའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蔡允革
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ12པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧུ་པེ་པཱ་ཀྲོའུ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
སི་ཁྲོན་སློབ་ཆེན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1989ལོའི་ཟླ9བ་ནས་སྤྱི་ལོ1993ལོའི་ཟླ9བའི་བར་དུ་ཧུ་པེ་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་བཟོ་ལས་དཔལ་འབྱོར་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1993ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ8པའི་བར་དུ་སི་ཁྲོན་སློབ་ཆེན་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཚན་ཁག་གི་འཛམ་གླིང་དཔལ་འབྱོར་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1996ལོའི་ཟླ8པ་ནས་སྤྱི་ལོ2004ལོའི་ཟླ4བའི་བར་དུ་ཀྲུང་གོ་མི་དམངས་དངུལ་ཁང་འཆར་འགོད་མ་དངུལ་སིའི་ལས་བྱེད་པ་དང་། ཡིད་རྟོན་དངུལ་བུན་དོ་དམ་སི། དངུལ་ཁང་ལྟ་སྐུལ་དོ་དམ་སི་གཉིས་པའི་ཀྲུའུ་རེན་གཞོན་པའི་ཁའོ་ཡོན། ཀྲུའུ་རེན་ཁའོ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2004ལོའི་ཟླ4བ་ནས་སྤྱི་ལོ2007ལོའི་ཟླ8པའི་བར་དུ་ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དངུལ་ཁང་ལྟ་སྐུལ་དོ་དམ་པུའུ་གཉིས་པའི་ལྟ་སྐུལ་དོ་དམ་ཁྲུའུ་བདུན་པའི་ཁྲུའུ་ཀྲང་གཞོན་པ་དང་། གྲོང་ཁྱེར་ཡིད་རྟོན་ཁང་ཁོངས་གཏོགས་ལྟ་སྐུལ་དོ་དམ་མཛུབ་ཁྲིད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ8པ་ནས་སྤྱི་ལོ2008ལོའི་ཟླ11པའི་བར་དུ་ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང(ཏང་ཨུའི་གཞུང་ལས་ཁང)ཡིག་སྐུར་ངོ་གཏུག་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2008ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ4བའི་བར་དུ་ཀོང་ཏུང་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ4བ་ནས་སྤྱི་ལོ2014ལོའི་ཟླ5བའི་བར་དུ་ཀྲུང་གོའི་ཀོང་ཏཱ་དངུལ་ཁང་གཞུང་ལས་ཁང་གི་སྤྱི་གཉེར་བ་དང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ5བ་ནས་སྤྱི་ལོ2014ལོའི་ཟླ8པའི་བར་དུ་ཀྲུང་གོའི་ཀོང་ཏཱ་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན(དངུལ་ཁང་གི་ཧང་ཀྲང་གཞོན་པའི་རིམ་པ)དང་། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གཞུང་ལས་ཁང་གི་སྤྱི་གཉེར་བ་དང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2014ལོའི་ཟླ8པ་ནས་སྤྱི་ལོ2016ལོའི་ཟླ7པའི་བར་དུ་ཀྲུང་གོའི་ཀོང་ཏཱ་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན(དངུལ་ཁང་གི་ཧང་ཀྲང་གཞོན་པའི་རིམ་པ)དང་། ལས་འཛིན་པའི་ལྷན་ཚོགས་ཀྱི་དྲུང་ཡིག ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གཞུང་ལས་ཁང་གི་སྤྱི་གཉེར་བ་དང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2020ལོའི་ཟླ9བའི་བར་དུ་ཀྲུང་གོའི་ཀོང་ཏཱ་ཚོགས་པ་མ་རྐང་ཀུང་སིའི་སྤྱི་གཉེར་བ་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ9བ་ནས་སྤྱི་ལོ2021ལོའི་ཟླ3པའི་བར་དུ་འགྲིམ་འགྲུལ་དངུལ་ཁང་གི་ལྟ་ཞིབ་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ3པ་ནས་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ3པའི་ཚེས4ཉིན་ཝུའུ་ལིང་རི་བོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་གྱི་གྲོས་འགོ་འདོན་མཁན་གྱི་ཚོགས་འདུ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། གྲོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་ཏེ་གསུང་བཤད་གནང་བ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཚའེ་ཡུན་ཀུས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྤྱི་ལོ2021ལོའི་ཟླ3པའི་ཚེས31ཉིན་གྱི་ཕྱི་དྲོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་བའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་ཚན་ཁག་གཅིག་ལ་གྲོས་འཆམ་བྱུང་ཞིང་། ཚའེ་ཡུན་ཀུ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་གཞོན་པར་བསྐོ་གཞག་བྱ་བའི་ཐག་བཅད།


དཔྱད་གཞིའི་ཡིག་ཆ།