ཀྲེང་ཞང་ཏུང་།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 17:08ལ་འགྲུབ།

ཀྲེང་ཞང་ཏུང་།

ཀྲེང་ཞང་ཏུང་།
ཁོང་ནི་སྤྱི་ལོ1968ལོའི་ཟླ10བར་སི་ཁྲོན་ལུང་ཁྲང་ནས་སྐྱེས་ཤིང་། སྤྱི་ལོ1990ལོའི་ཟླ7པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1988ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཞིབ་འཇུག་སློབ་མ་དང་། དོ་དམ་རིག་པའི་འབུམ་རམས་པ་ཡིན་ཞིང་། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑向东
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ10བ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
སི་ཁྲོན་ལུང་ཁྲང་།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9བ་ནས་སྤྱི་ལོ1990ལོའི་ཟླ7པའི་བར་དུ་ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་ཉེས་དོན་མྱུལ་ཞིབ་ཚན་ཁག་གི་ཁྲིམས་འཛིན་གསལ་འབྱེད་ཆེད་ལས་སུ་སློབ་སྦྱོང་བྱས་ནས་ཁྲིམས་ལུགས་རིག་པའི་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1997ལོའི་ཟླ6པའི་བར་དུ་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཁོའོ་ཡོན་དང་པོ་དང་ཁོའོ་རིམ་པ་གཞོན་པའི་མྱུལ་ཞིབ་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ6པ་ནས་སྤྱི་ལོ1999ལོའི་ཟླ4བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཁྲུའུ་དང་པོའི་ཁའོ་བཞི་བའི་ཁའོ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ4བ་ནས་སྤྱི་ལོ2000ལོའི་ཟླ9བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁའོ་ཡོན་གྱི་འགན་བཞེས།

སྤྱི་ལོ2000ལོའི་ཟླ9བ་ནས་སྤྱི་ལོ2002ལོའི་ཟླ9བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཐིང་གི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ2002ལོའི་ཟླ9བ་ནས་སྤྱི་ལོ2002ལོའི་ཟླ12པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཐིང་གི་ཁྲུའུ་རིམ་པ་རྒན་པའི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས་སྤྱི་ལོ2004ལོའི་ཟླ12པའི་བར་དུ་ཁྲུང་ཆིང་ཡུང་ཁྲོན་གྲོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར་དུ་ཁྲུང་ཆིང་ཡུང་ཁྲོན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ8པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཞི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གཞོན་པ། ལས་ཚབ་ཆུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ7པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2019ལོའི་ཟླ4བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ4བ་ནས་སྤྱི་ལོ2019ལོའི་ཟླ10བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅི་དང་ཁྲུང་ཆིང་དཔལ་འབྱོར་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2019ལོའི་ཟླ10བ་ནས་སྤྱི་ལོ2019ལོའི་ཟླ11པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ11པ་ནས་སྤྱི་ལོ2020ལོའི་ཟླ3པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ3པ་ནས་སྤྱི་ལོ2020ལོའི་ཟླ4བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ4བ་ནས་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་བཅུ་གསུམ་པའི་འཐུས་མི། ཁྲུང་ཆིང་གྲོང་ཁྱེར་སྐབས་གསུམ་པ་དང་། བཞི་བ། ལྔ་བ་བཅས་ཀྱི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་གསུམ་པ་དང་བཞི་བའི་འཐུས་མི་ཡིན།

2 བསྐོ་འཐེན་ཆ་འཕྲིན།

སྤྱི་ལོ2020ལོའི་ཟླ4བའི་ཚེས16ཉིན་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དེ་ཀྲེང་ཞང་ཏུང་ནི་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་བའི་གཏན་འབེབས་བྱས་པ་དང་། ཀྲེང་ཞང་ཏུང་གི་ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོ་བའི་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།